གསར་འགྱུར་ཡིག་ཚགས།
2025-03-12
དེ་རིང་ཕྱི་ཟླ་ ༣ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བ་ཀུ་ལ་རིན་པོ་ཆེའི་ཡང་སྲིད་མཆོག་སྤུལ་རིན་པོ་ཆེ་དང་གུང་འབར་ཆེ་ཚང་རིན་པོ་ཆེ་གཙོས་ས་ཕྱོགས་གང་ས་ནས་ཕེབས་པའི་དགེ་འདུན་པ་ ༥༡ ཙམ་ལ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་འབྲེལ་མགོན་པོ་གང་ཉིད་ནས་སྡོམ་པ་ཉམས་བཞེས་གནང་ཚུལ་དང་། རྗེས་འཇུག་སློབ་མ་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་གནང་ཚུལ་སྐོར་ལམ་སྟོན་མཛད་འདུག
2025-03-12
རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཕྲོག་དང་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་ནག་གསུབ་གཏོང་བཞིན་པར་ཆོལ་གསུམ་བུད་མེད་ཐུན་མོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་གནང་བཞིན་འདུག
2025-03-11
ཕྱིའི་གནོན་ཤུགས་དང་དམ་དྲག་གི་དབང་གིས་བལ་ཡུལ་ནང་གི་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཉིན་མངོན་གསལ་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱེད་ཐུབ་མེད་ཀྱང་བོད་མི་གནས་ཡུལ་ཁག་ཏུ་ཆོས་ཕྱོགས་ཀྱི་ལམ་ནས་སྲུང་བརྩི་བྱས་འདུག
2025-03-11
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་ཟིན་པའི་བོད་དོན་རོགས་དངུལ་ཁག་མུ་མཐུད་ནས་གནས་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་གསུངས་བྱུང་།
2025-03-11
འཛམ་གླིང་ས་ཕྱོགས་གར་སར་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཡོད་པ།
2025-03-11
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ལས་དོན་སྤེལ་བཞིན་པའི་བྱ་སྤྱོད་ཐད་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་བློ་ཚབས་ཡོད་པ་བརྗོད་འདུག
2025-03-11
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ནས་རྒྱ་གཞུང་གི་བོད་ནང་བཙན་བྱོལ་དྲག་གནོན་བྱེད་པར་ངོ་བརྒོལ་གྱི་ཞི་བའི་རྔམ་སྟོན་ཁྲོམས་སྐོར་གནང་ཏེ་བོད་མིའི་རང་དབང་སྒེར་ལང་གསུམ་བཅུའི་དུས་དྲན་ཐེངས་༦༦་པ་དེ་སྲུང་བརྩི་ཞུས་གནང་ཡོད་པ།
2025-03-11
བརྒྱུད་ལམ་ཐོག་འཁྲབ་སྟོན་དང་ཁང་ཚོང་གི་ལས་དོན་ལ་གཉེར་བཞིན་པ་ཨ་རིའི་མི་ནི་སོ་ཊ་ཁུལ་དུ་གནས་བཞུགས་ངག་དབང་ཐོགས་མེད་ལགས་ཀྱི་མི་ཚེའི་འགྲུལ་བཞུད།
2025-03-11
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་དཔལ་ཡོན་ནག་བསུབ་གཏོང་བཞིན་ཡོད་སྐོར་བཀའ་སྩལ་བར། རྒྱ་ནག་གཞུང་གིས་ཡུལ་དངོས་པོའི་གནས་སྟངས་ཐོག་བོད་ནང་དུ་བོད་མི་རྣམས་བདེ་སྐྱིད་ལྡན་པའི་ངང་འཚོ་བར་རོལ་བཞིན་ཡོད་ཚུལ་གྱི་རྒྱུན་ལྡན་གྱི་འཁྱོག་བརྗོད་བསྐྱར་བཤད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་ཕྱིའི་འཛུགས་སྐྲུན་ལ་ཁ་གཡར་ནས་བོད་མི་རྣམས་སྐྱིད་པོ་ཡོད་ལུགས་བཤད་པ་ནི་བདེན་པ་མིན་པ་དངོས་མཐོང་ལག་ཟིན་རེད་ཅེས་ལན་འདེབས་གནང་བཞིན་འདུག
2025-03-11
འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་རྣམས་ནས་བོད་མིའི་སྒེར་ལགས་གསུམ་བཅུའི་དུས་དྲན་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་གི་ཡོད་པ་ལྟར། ས་གནས་སོ་སོའི་རྒྱ་གར་ཡུལ་མི་ཁག་གཅིག་ནས་ཀྱང་ལོ་ལྟར། བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་ལམ་བར་དུ་བོད་ཀྱི་རྒྱལ་དར་འཕྱར་བ། ལས་འགུལ་བ་རྣམས་ལ་ཆུ་སྦྱིན་དང་། ཆུ་མངར་མོ་སོགས་བགོ་འགྲེམས་གནང་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད།
2025-03-11
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཨའོསི་ཊརེ་ལི་ཡ་ས་གནས་མེ་རི་བོ་རོང་ (Maribyrnong) གྲོང་སྡེ་ལས་ཁུངས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག
2025-03-11
བོད་རྒྱ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་དང་ཐེ་ཝན་གཉིས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་བཞེས་གནང་དགོས་པའི་དོན་དངོས་དང་མི་མཐུན་པའི་ཆ་རྐྱེན་བཏོན་སྟེ། བོད་རྒྱ་འབྲེལ་མོལ་ལ་བར་ཆད་ཀྱིས་གཉིས་ཕན་གྱི་སྲིད་བྱུས་ལམ་ལྷོངས་མ་བྱུང་ཚེ་དེའི་འགན་ཁྲི་ཡོངས་རྫོགས་རྒྱ་ནག་གཞུང་གིས་ཁྱེར་དགོས་པ་ནན་བརྗོད་གནང་འདུག
2025-03-11
ཟླ་ ༣ ཚེས་ ༡༡ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲྭ་བཙུན་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་པ་དང་སྦྲགས། བསླབ་སྡོམ་རྣམ་དག་སྲུང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་མཛད་འདུག
2025-03-10
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་གསུམ་བཅུའི་དུས་དྲན་ཉིན་བོད་མིའི་བདེན་དོན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་འགྱུར་མེད་བརྟན་པོའི་ཐོག་ནས་གནང་རྒྱུ་ཡིན་པ་བསྐྱར་ནན་གནང་འདུག
2025-03-10
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་གི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་འཛོམས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་གནང་འདུག