ཉི་འོང་ནང་དུ་བོད་ཀྱི་དུས་སྟོན་གྱི་སྐོར།
སྤྱིར་ཉི་འོང་ནང་དུ་བོད་མི་གཏན་སྡོད་གནང་མཁན་གྱི་གྲངས་འབོར་ཉུང་ཤས་ཡིན་ཞིང་། བོད་ཀྱི་རོལ་དབྱངས་སྒྱུ་རྩལ་བ་དེ་བས་ཉུང་ངུ་ལས་མེད་པ་རེད། བསྟན་འཛིན་ཀུན་བཟང་ལགས་ནི་བོད་ཀྱི་ཟློས་གར་ཚོགས་མི་ཟུར་པ་ཞིག་ཉི་འོང་ཁུལ་དུ་གནས་བཞུགས་གནང་སྟེ་ལོ་ངོ་ ༡༣ ཙམ་སོང་ཞིང་། འདས་པའི་ལོ་གཉིས་ཀྱི་རིང་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་རྐྱང་པའི་ཐོག་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་གསུངས་བྱུང་། བསྟན་འཛིན་ཀུན་བཟང་ལགས་ཀྱིས་ཉི་འོང་ནང་དུ་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་པ་དང་བསྟུན།
ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བསྟན་འཛིན་ཀུན་བཟང་ལགས་ཀྱི་མྱོང་བ་དང་། ཆབས་ཅིག་ཉི་འོང་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་གཟའ་འཁོར་སྔོན་མར་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་བཅས་དང་འབྲེལ་ནས་དོན་ཁང་གི་འབྲེལ་ཡོད་ལས་བྱེད་བཀྲིས་གཡང་འཛོམས་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།