ལྡི་ལིའི་ནང་ཞིང་པ་ཚོས་ངོ་རྒོལ་དང་བོད་མིའི་ཚོང་ཁང་།
2020.12.22
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཡོད་བཞིན་པའི་ཐོག ཞིང་པ་ཚོས་འགྲོ་ལམ་སོགས་བཀག་ནས་ངོ་རྒོལ་ཤུགས་ཆེ་སྤེལ་བཞིན་པ་དེས། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནང་ཡོད་པའི་ཚོང་པ་ཚོར་དོ་ཕོག་ཇི་བྱུང་སོགས་ཀྱི་ཐད་ཁུལ་དེར་ལོ་མང་ནས་འགྲིམས་འགྲུལ་གྱི་ཚོང་ལས་གཉེར་བཞིན་པ་སྐྱིད་སྦུག་རྡོ་རྗེ་ཚེ་བརྟན་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།