ལོ་གསར་གྱི་བྱུང་རབས་ལོ་རྒྱུས།

བོད་རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་ཚེས་དང་འབྲེལ་བའི་དམིགས་བསལ་ཁ་བའི་གྲོས་རྭ་ལེ་ཚན་འདིའི་ནང་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་འགའ་ཤས་དང་ལྷན་དུ་ལོ་གསར་དེ་བཞིན་བོད་པའི་མཐུན་མོང་མ་ཡིན་ཁྱད་ཆོས་ལྡན་པའི་དུས་སྟོན་གལ་ཆེ་ཡིན་རབ་དང་ཆོས་ཕྱོགས་ཀྱི་ཐོག་ནས་ལོ་གསར་གྱི་སྐབས་བཀྲིས་པའི་རྟེན་འབྲེལ་མཚོན་དོན་ཁག་ལ་འབྲེལ་བཤད།ལོ་གསར་གྱི་འགྱུར་འགྲོས།ལོ་གསར་གྱི་བྱུང་རབས་ལོ་རྒྱུས་དང་བཤད་སྟངས་མི་འདྲ་བ་ཁག་ཡོད་པ།དཔེར་ན་ལོ་གསར་སྡེར་ཁར་བསྒྲིགས་པའི་སྐབས་སུ་ལུག་མགོ་གཤོམ་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་གླིང་བ་དང་ཆེད་དུ་གདུན་ཞུ་བྱེད་པའི་སྐུ་མགྲོན་དགེ་བཤེས་ངག་གི་དབང་ཕྱུག་ལགས་དང་། བོན་པོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་དང་། དགེ་བཤེས་ངག་དབང་སྟོབས་ལྡན་ལགས། སྐུ་ཞབས་འཇམ་དཔལ་རྒྱལ་མཚན་ལགས་བཅས་མཉམ་བཞུགས་ཐོག་ཁོང་རྣམས་པས་ལོ་གསར་ལ་ཤིས་ཚིག་ཕུལ་བ་བཅས་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གཙོ་སྐྱོང་གནང་བ་དེ་གསན་རོགས་གནང་།