བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཆེད་ལས་པའི་དགོས་མཁོ་དང་གནད་འགག

2023.05.30
བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཆེད་ལས་པའི་དགོས་མཁོ་དང་གནད་འགག
བོད་ཀྱི་ཁྲིམས་ལུགས་ལས་རིག་པའི་ཚོགས་པ།

བཙན་བྱོལ་བོད་མིའི་མང་གཙོའི་སྤྱི་ཚོགས་ཁྲོད་མང་གཙོའི་ཆ་ལག་ཡོངས་སུ་ཚང་བར་མང་གཙོའི་ཀ་བ་གསུམ་གྱི་ཡན་ལག་གསུམ་ལྡན་དགོས་པ་མེད་དུ་མི་རུང་བའི་འོས་ཆོས་ཤིག་ཡིན་ཞིང་། བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་ནང་གི་མང་གཙོ་ཀ་བ་གསུམ་གྱི་ཁྲོད་ད་ལྟའི་ཆར་ཁྲིམས་ལུགས་ཀྱི་ལས་དོན་བྱེད་པོ་ཕྲན་བུ་ཉུང་བའམ་མི་འདང་བའི་དཀའ་ཚེགས་ཡོད་པ་དངོས་ཡོད་ཀྱི་གནས་སྟངས་ཡིན་ནའང་། གཞོན་སྐྱེས་མི་རབས་ཁྲོད་ཁྲིམས་ལུགས་སློབ་གཉེར་བ་དང་ལས་གཉེར་བ་མང་དུ་འགྲོ་བཞིན་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཆེད་ལས་པའི་དགོས་མཁོ་དང་གནད་འགག ལས་རིགས་གཞན་དང་མི་འདྲ་བར་ཁྲིམས་ལུགས་ལས་གཉེར་བ་འདང་ངེས་མེད་པའི་འགག་རྩ་ཇི་ཡིན་བཅས་ཀྱི་སྐོར་བོད་ཀྱི་ཁྲིམས་ལུགས་ལས་རིག་པའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་བདེ་ཆེན་ལགས་དང་། ཚོགས་པའི་རྒྱ་གར་ལྷོ་ཕྱོགས་ཡན་ལག་གྱི་སྤྱི་ཁྱབ་དྲུང་ཆེ་རིན་ཆེན་སྐྱིད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎