བོད་ཀྱི་ཐེབས་རྩའི་ངོས་ནས་རྒྱ་གར་དང་བལ་ཡུལ་བཅས་སུ་སློབ་ཕྲུག་ཉམས་ཐག་ཚོར་སློབ་ཡོན་རོགས་རམ་གནང་བའི་སྐོར།
2021.12.17
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞེས་པའི་ལེ་ཚན་ནང་། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་བོད་ཀྱི་ཐེབས་རྩ་འམ་ Tibet Fund ཞེས་པ་འདི་བཞིན་ཐོག་མར་བཙུགས་གནང་དགོས་པའི་དགོས་པ་རྒྱུ་མཚན་དང་། བོད་པའི་སྤྱི་ཚོགས་ནང་སྤྱི་མང་ནུས་སྟོབས་སྤེལ་ཐབས་ཀྱི་ལས་གཞི་ཁག་ཅིག་ལ་མཐུན་འགྱུར་གནང་གི་ཡོད་པ་སོགས་ཀྱི་བརྒྱུད་རིམ་སྐོར་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་ཞུ།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག