དགོན་སྡེ་ཁག་ནང་འཆམ་འཁྲབ་པའི་རྒྱུ་མཚན།
2025.03.07
གར་འཆམ་ནི་བོད་ཀྱི་ནང་པའི་གསང་སྔགས་ཀྱི་ཉམས་ལེན་དང་འབྲེལ་བའི་གནའ་སྲོལ་གལ་ཆེན་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅིང་། དགོན་སྡེ་ཁག་ནང་འཆམ་འཁྲབ་པའི་རྒྱུ་མཚན་ཇི་ཡིན་དང་། འཆམ་འཁྲབ་སྐབས་ཆོ་ག་དང་། ཆས་གོས། འབག་དང་དངོས་པོ་དེ་དག་གང་མཚོན་མིན་སོགས་ཀྱིས་སྐོར་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་སངས་རྒྱས་ཚེ་རིང་ལགས་སུ་བསྟན་འཛིན་དཔལ་མོ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།