གླུ་གཞས་སྒྱུ་རྩལ་བ་ཨེཊ་སི་བཀྲ་ཤིས།
2022.12.20
གཞོན་སྐྱེས་ཁྲོད་དགའ་མོས་བྱེད་ས་ IXX Tashi ཨིཊསི་བཀྲིས། IXX Tashi ཨིཊསི་བཀྲ་ཤིས་ལགས་ནི་བོད་མིའི་བཙན་བྱོལ་སྤྱི་ཚོགས་ནང་གླུ་གཞས་སྒྱུ་རྩལ་བ་དང་རོལ་དབྱངས་རྩོམ་མཁན་གྲགས་ཆེར་འགྱུར་བཞིན་པའི་གཞོན་སྐྱེས་རྣམ་དཔྱོད་ཅན་ཞིག་ཡིན་པ་རེད། ཁོང་གི་བརྙན་ཐུང་གླུ་གཞས་འདི་དག་ཡུ་ཊུབ་དྲ་རྒྱ་ནང་དགའ་མོས་བྱེད་དེ་བལྟ་མཁན་གྲངས་ཀ་འབུམ་ཕྲག་མང་པོ་ལོན་ཡོད་འདུག་ལ། ཁོང་གི་གླུ་གཞས་མང་པོ་ཞིག་ཁོང་གི་མི་ཚེ་དང་ཐད་ཀར་འབྲེལ་བ་ཡོད་པའམ་ཉེ་འཁོར་ནས་དཔེ་བླངས་ཏེ་བརྩམས་པ་ཤ་སྟག་ཡིན་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨིཊསི་བཀྲིས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།