བོད་ཀྱི་གསོ་རིག་སྨན་པ་དང་རྒྱ་གར་གྱི་ནང་དུ་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་ཐབས།

2022.12.24
བོད་ཀྱི་གསོ་རིག་སྨན་པ་དང་རྒྱ་གར་གྱི་ནང་དུ་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་ཐབས། བོད་ཀྱི་གསོ་རིག་སྨན་པ་དང་རྒྱ་གར་གྱི་ནང་དུ་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་ཐབས་སྐོར་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་དང་ལྷན་གླེང་མོལ་ཞུས་པ།
སྨན་པ་ཁྱུ་གསར་རྣམ་རྒྱལ།

རྒྱ་གར་ལྷོ་ཕྱོགས་ཨནདྷར་པར་དྷེཤ་མངའ་སྡེའི་ཁྱབ་ཁོངས་ཧཡེདྷརཱ་སྦདི་གྲོང་ཁྱེར་དུ་ཕྱི་ཟླ་ ༡༢ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་ཀནྷ་ཤནཏི་ཝནམ་སྒོམ་སྒྲུབ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་མིའི་འཕྲོད་བསྟེན་བདེ་ཐང་གི་ཆེད་ཁྱོན་ཡོངས་ཀྱི་ཐབས་ལམ་ཞེས་པའི་ ༢༠༢༢ ལོའི་ཚོགས་ཆེན་གོ་སྒྲིག་གནང་ཐོག་འཛམ་གླིང་གི་ཚན་རིག་པ་དང་སྨན་པ་གྲགས་ཅན་མང་པོའི་ལྷན་བོད་ཀྱི་གསོ་རིག་སྨན་པ་ཁྱུ་གསར་ཁྱུ་གསར་རྣམ་རྒྱལ་ལགས་ཀྱང་གདན་ཞུ་གནང་སྟེ། མ་འོངས་མི་རབས་རྣམས་གསོ་སྐྱོང་བྱ་ཕྱོགས་ཐད་ལ་གསུང་བཤད་གནང་ཡོད་ཅིང་། ཚོགས་འདུ་འདིའི་ཐོག་ནས་བོད་ཀྱི་གསོ་རིག་སྨན་པ་དང་རྒྱ་གར་གྱི་ནང་དུ་ཁྱོན་ཡོངས་ཀྱི་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་ཐབས་ཐོག་འགན་འཁུར་བ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་འཕྲོད་བསྟེན་སྡེ་ཁག་དང་ཉམས་ཞིབ་མཉམ་ལས་ཀྱི་ལེགས་ཆ་བླང་རྒྱུའི་གནད་དོན་མང་པོ་ཞིག་གཟིགས་ཡོད་པ་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་དང་ལྷན་ཚོགས་འདུ་འདི་ལས་འཕྲོས་པའི་མ་འོངས་ཕྱི་ལུགས་ཀྱི་ཚན་རིག་པ་དང་མཉམ་ལས་གནང་ཕྱོགས་སོགས་ཀྱི་ཐད་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎