བདེ་ལེགས་སློབ་ཕྲུག་ཐེབས་རྩའི་རིན་མེད་མིག་གི་བརྟག་དཔྱད།
2023.12.20
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། བདེ་ལེགས་སློབ་ཕྲུག་ཐེབས་རྩའི་ད་ལོའི་མིག་གི་འཕྲོད་བསྟེན་རོགས་རམ་གྱི་ལས་གཞི་དེ་རྒྱ་གར་གྱི་Mainpat ནང་གི་བོད་མི་དང་ས་གནས་རྒྱ་གར་ཡུལ་མི་ཚོར་མིག་བརྟག་དཔྱད་དང་མིག་ཤེལ་རིན་མེད་དུ་མཁོ་སྤྲོད་བྱས་པ་མ་ཟད། མིག་སྐྱ་འགྲིག་གཤག་གཅོད་བྱ་དགོས་པ་རྣམས་རྒྱ་གར་སྨན་ཁང་དུ་གོ་སྒྲིག་ཞུས་པ་དང་། ད་དུང་མིག་ཤེལ་མང་པོ་ཞིག་ལྷག་པ་རྣམས་རྒྱ་གར་ལྷོ་ཕྱོགས་དང་། Mainpat འཕྲོད་བསྟེན་སྨན་ཁང་ནས་དགོས་མཁོ་ཅན་ཚོར་མཁོ་སྤྲོད་གནང་རྒྱུ་ཡིན་པའི་སྐོར་ལ་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།