སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལ་དྭགས་སུ་ཤེས་ཡོན་གི་གོ་དོན་ཐོག་བཀའ་སློབ།
2023.06.14
སློབ་དཔོན་ཆེན་པོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་༦ཚེས་༡༣ཉིན་ལ་དྭགས་ནང་པའི་ཚོགས་འདུའི་གོ་སྒྲིག་འོག་ལ་དྭགས་དུས་རབས་གསར་པའི་སློབ་གྲྭར་ལ་དྭགས་གླེ་ཁུལ་གྱི་སློབ་གྲྭ་འདྲ་མིན་ཡོད་པའི་སློབ་ཕྲུག་སྐུ་ཚབ་མང་པོ་འཛོམས་སར་བརྗོད་གཞི་ཤེས་ཡོན་གྱི་གོ་དོན་དང་གལ་གནད་ ཞེས་པའི་ཐོག་བཀའ་སློབ་ལམ་སྟོན་སྩལ་གནང་ཡོད་པ་རེད། འདིའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་ཕྱོགས་སྒྲིག་གནང་བར་གསན་རོགས་གནང་།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།