སྐྱབས་མེད་མགོན་མེད་དུ་ལུས་པའི་དུད་འགྲོ་སེམས་ཅན་ལ་ཕན་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་བཞིན་འདུག
ནང་པ་སངས་རྒྱས་པའི་ཁ་རྒྱུན་ནང་མ་རྒན་སེམས་ཅན་ཐམས་ཅད་ཅེས་གཤོད་སྲོལ་ཡོད་པ་ལྟར། སེམས་ཅན་ལ་རོགས་སྐྱོར་བྱེད་རྒྱུ་ནི་བོད་མིའི་དོར་དུ་མེད་པའི་གཤིས་རྒྱུད་དུ་འཇགས་པའི་གོམས་གཤིས་ཤིག་ཡིན་པ་རེད། རྒྱ་གར་ལྷོ་ཕྱོགས་མོན་གྷོཌ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་གནས་བཞུགས D K Tibetan Animal Care Center ཞེས་དུད་འགྲོ་ལྟ་སྐྱོང་ལྟེ་གནས་ཁང་གིས་དུད་འགྲོ་སེམས་ཅན་ལ་ཕན་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་བཞིན་ཡོད་ཅིང་། ད་བར་སྲང་ལམ་ཁག་ཏུ་མགོན་མེད་སྐྱབས་མེད་དུ་ལུས་པའི་ཁྱི་ ༢༠༠ ལྷག་ལ་ལྟ་རྟོག་གནང་དང་གནང་བཞིན་པ་མ་ཟད། དུད་འགྲོའི་སེམས་ཅན་གཞན་ལའང་ལྟ་ལྟོག་རོགས་སྐྱོར་ཀྱི་ཕན་བདེའི་བྱ་བ་སྒྲུབ་བཞིན་འདུག ཐེངས་འདིའི་བཅར་འདྲིའི་ལེ་ཚན་ནང་ཚོགས་པ་དེ་གསར་འཛུགས་གནང་མཁན་རྡོ་རྗེ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།