བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གི་ཁྱད་པར།

2021.06.08
བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གི་ཁྱད་པར།
བོད་མིའི་སྒྲིག་འཛུགས་དང་ཨེ་ཨེཕ་པི།

བོད་མིའི་བཙན་བྱོལ་སྒྲིག་འཛུགས་འདི་ནི་བོད་ཀྱི་རྒྱལ་རབས་ ༣༣པ པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བསྐྱངས་པའི་བོད་ཆོལ་ཁ་གསུམ་གྱི་གཞུང་འཛིན་ལམ་ལུགས་རྒྱུན་མཐུད་པོ་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་ན་རིམ་གྱིས་བསྐྱངས་པའི་བོད་གཞུང་གི་རྒྱུད་འཛིན་པ་ཡིན་ཞིང་།  ཕྱི་ལོ་ ༡༩༦༠ ལོར་མང་གཙོའི་ལམ་བཟང་ཐོག་བསྐྱོད་འགོ་ཚུགས་ཤིང་།  ཕྱི་ལོ་ ༢༠༡༡ ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་མཆོག་༧སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་ཞུས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམ་པར་ཆ་བགོས་གནང་ནས་བགྲང་བྱ་ ༡༠ ཧྲིལ་པོ་འཁོར་ཡོད་པ་རེད།  དུས་སྐབས་འདི་དང་བསྟུན། བོད་མིའི་མང་གཙོའི་སྒྲིག་འཛུགས་ཆ་ལག་ཡོངས་སུ་ཚང་བའི་སྒྲོམ་གཞི་དང་རྒྱ་ནག་དམར་ཤོག་ཚོགས་པས་དབང་སྒྱུར་འོག་ཡོད་པའི་རྒྱ་ནག་གཞུང་གིས་འབོད་བཞིན་པའི་རྒྱ་ནག་ནང་གི་དམངས་གཙོ་ལམ་ལུགས་གཉིས་ལ་ཁྱད་པར་ཇི་ཡོད་དཔྱད་བསྡུར་སླད་དབྱིན་ཡུལ་ཨོཀསྀ་ཕོརཌ་གཙུག་ལག་སློབ་ཆེན་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་སྒྲ་རིགས་ཐོགས་མེད་ལགས་དང་ལྷན་འདི་གའི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎