ནུབ་ཕྱོགས་ཡུལ་གྲུའི་ནང་གི་ནང་པའི་ཆོས་ཚོགས།

༄༅།།བོད་པའི་ནང་ཆོས་ནུབ་ཕྱོགས་ཡུལ་དུ་སྤྱི་ལོ་༡༩༦༠་ལོ་གྲང་ནས་དར་ཁྱབ་དུ་ཕྱིན་ནས་ནང་པའི་བསྟན་པ་ཕྱི་རྒྱལ་ཡུལ་དུ་རྩ་བ་བཙུགས་པ་རེད།ད་ལྟའི་སྐབས་སུ་བོད་པའི་ནང་ཆོས་ནུབ་ཕྱོགས་ཡུལ་དུ་ཁྱབ་སྤེལ་གྱི་ཚད་གཞི་དང་རྗེས་འཇུག་སློབ་མ་གང་ཙམ་སླེབས་ཡོད་པ་དང་།ཡང་བོད་ལུགས་ནང་ཆོས་ཀྱིས་སྤྱི་རྒྱལ་བ་སློབ་མ་མང་པོ་བློ་འགུག་ཐུབ་པས་རྒྱུ་མཚན་ཅི་ལ་བརྟེན་ནས་ཡིན་པ་བཅས།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ནུབ་ཕྱོགས་ཡུལ་གྲུ་ནང་ཡོད་པའི་བོད་པའི་ཆོས་ཚོགས་ཁག་གིས་ནང་ཆོས་དར་སྤེལ་གཏོང་བ་དང་འབྲེལ་བོད་པའི་རྩ་དོན་ལ་ཡང་ཇི་ལྟར་ཕན་ནུས་འགྲུབ་ཐུབ་ཀྱི་ཡོད་པའི་སྐོར་།ཨ་རིའི་ཁ་ལི་ཕོ་ནི་ཡ་མངའ་སྡེའི་ནང་གཏན་གཞི་བྱེད་པའི་འཇམ་དབྱངས་ཆོས་འཁོར་གླེང་གི་འགན་འཛིན་མཁན་པོ་ཀར་བསྟན་ལགས་དང་།ཡང་ཨ་རིའི་སྦོ་སི་ཏྲོན་ནང་གཏན་གཞི་བྱེད་པའི་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་ཀྱི་འགན་འཁུར་བ་དགེ་བཤེས་ངག་དབང་འཕྲིན་ལས་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་ཉན་རོགས་ཞུ།།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།