བོད་མིའི་སྤྱི་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན།
2023.12.30

རྒྱ་ནག་ཕྱོགས་ནས་དྲ་རྒྱའི་འཇབ་རྒོལ་གྱི་ཉེན་ཁ་དང་དེར་གདོང་ལེན་བྱ་རྒྱུའི་མཉམ་འདུས་ཀྱི་ལས་དོན་ནི་རྒྱ་གར་དང་བོད་མིའི་སྤྱི་ཚོགས་ཐེ་བའི་འཛམ་གླིང་ནང་གི་ཡུལ་གྲུ་མང་པོས་གལ་གནད་བརྩིས་ཡུལ་གྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བདེ་འཇགས་དང་འཕྲུལ་རིགས་ཀྱི་ཐད་སློབ་གཉེར་གནང་མྱོང་བའི་གནད་དོན་དབྱེ་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།