ནད་ཡམས་ཛ་དྲག་རིམ་པ་གསུམ་པའི་སླད་གྲ་སྒྲིག
ནད་ཡམས་ཛ་དྲག་རིམ་པ་གསུམ་པའི་སླད་གྲ་སྒྲིག
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཏོག་དབྱིབས་ནད་ཡམས་ཛ་དྲག་ཆེ་བའི་སྐབས་དེར་བོད་ཀྱི་འབྲས་ནད་ཚོགས་པས་ལྡི་ལིའི་བོད་མི་ཏོག་དབྱིབས་ནད་པར་ཉིན་མཚན་དུས་དྲུག་དྭང་བླངས་རོགས་རམ་གནང་བའི་སྐབས་འཕྲད་པའི་དཀའ་ངལ་གྱི་ཉམས་མྱོང་ལ་གཞིགས་ཏེ་འབྱུང་འགྱུར་དཀའ་ངལ་དེ་རིགས་མ་འཕྲད་པའི་གྲ་སྒྲིག་བྱ་ཕྱོགས་སྐོར་དང་། ལྷག་དོན་རྒྱ་གར་གྱི་སྨན་པས་སླར་ཡང་ནད་ཡམས་ཛ་དྲག་རིམ་པ་གསུམ་པ་ཡོང་རྒྱུའི་ཉེན་བརྡ་གཏོང་བར་བརྟེན་ནས་དེའི་སྐབས་ལ་སྔོན་འགོག་དང་སྨན་བཅོས་ཀྱི་ཡོ་ཆས་སོགས་བེད་སྤྱོད་གཏོང་ཆོག་གྲ་སྒྲིག་སྔ་ཙམ་ནས་བྱ་ཕྱོགས་སྐོར། བོད་ཀྱི་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་བ་ནས་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།