བོད་ཀྱི་ཆབ་སྐྱིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཀྱི་སྐོར།
2025.02.14
གནས་འདྲིའི་ལེ་ཚན་ནང། སུད་སིའི་གྲོང་ཁྱེར་Geneva འི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༥༨་པ་དངོས་སུ་སྐོངས་འཚོགས་མ་གནང་པའི་གོང་དུ་ཕྱི་ཚེས་༡༠་ནས་ཉིན་ལྔའི་རིང་བོད་ཀྱི་ཆབ་སྐྱིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་རྣམས་འབྲེལ་ཡོད་གནད་ཡོད་མི་སྣ་ཁག་ལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་བཞིན་པའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་སུད་སི་བོད་ཀྱི་དོན་གཅོད་ལས་ཁང་གི་དྲུང་ཆེ་ཕུན་ཚོགས་སྟོབས་རྒྱལ་ལགས་དང། སུད་སི་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་བདེ་སྐྱིད་སྐྱིད་འཛོམས་ལགས་སུ་ཞལ་པར་བརྒྱུད་ཐད་ཀར་གནས་འདྲི་ཞུས་པ་དེ་གཤམ་ལ་གསན་རོགས་གནང།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།