འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་གྱི་དུས་ཡུན་གྲུབ་ཟིན་པ།

2024.04.18
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་གྱི་དུས་ཡུན་གྲུབ་ཟིན་པ།
སྤྱི་ཚོགས་དྲྭ་ལམ། OHHDL

རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་དུས་ཡུན་ལོ་དྲུག་ཡིན་སྟབས། སྒྲིག་གཞི་གཞིར་བཟུང་མཁན་པོའི་དུས་ཡུན་ཟིན་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་མདུན་ནས་དགོངས་ཞུ་བཀའ་འཁྲོལ་ཞུ་དགོས་པ་ལྟར། ད་ལོའི་ལོ་འདིར་ཡང་མཁན་རིན་པོ་ཆེ་མཆོག་སྒྲིག་གཞི་གཞིར་བཟུང་ལོ་དྲུག་རིང་གི་མཁན་པོའི་མཛད་འགན་གྱི་དུས་ཡུན་གྲུབ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཞུ་བཀའ་འཁྲོལ་ཐོབ་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་དང་མཁན་པོ་གསར་པ་བསྐོ་གཞག་གནང་ཕྱོགས་དང་འབྲེལ་བའི་སྐོར་ད་ལྟའི་མཁན་པོ་ལས་ཐོག་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎