ཡོ་རོབ་གྲོས་ཚོགས་ནང་གི་འཇིགས་བྲལ་གློག་བརྙན།


2014.01.22
ཡོ་རོབ་གྲོས་ཚོགས་ནང་འཇིགས་བྲལ་གློག་བརྙན་གཟིགས་འབུལ་ཞུ་བཞིན་པ། ཡོ་རོབ་གྲོས་ཚོགས་ནང་གི་འཇིགས་བྲལ་གློག་བརྙན།
པར། བོད་མིའི་སྒྲིག་འཛུགས།

རྒྱ་ནག་གི་བཙོན་འོག་ན་ཡོད་པའི་དོན་གྲུབ་དབང་ཆེན་གྱི་འཇིགས་བྲལ་གློག་བརྙན་ཡོ་རོབ་གྲོས་ཚོགས་ནང་གཟིགས་འབུལ་ཞུས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཚེས་༢༡ཉིན་བྷར་སིལ་སི་ནང་། ཡོ་རོབ་གྲོས་ཚོགས་ནང་གི་Lithunian རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Leonidas Donskis མཆོག་གིས་གོ་སྒྲིག་འོིག དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྒྲིག་གནང་བའི་འཇིགས་བྲལ་ཞེས་པའི་གློག་བརྙན་ཡོ་རོབ་གྲོས་ཚོགས་ནང་གཟིགས་འབུལ་ཞུས་ཡོད་འདུག སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་རྣམས་པ་དང་། ལས་བྱེད། དེ་བཞིན་བྷར་སིལ་སི་ནང་རྟེན་གཞི་བྱེད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་མཆོག ཁུལ་དེར་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཚོགས་མི་ཁག་ཅིག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་འགན་འཛིན། དེ་དང་ཕྱོགས་མཚུངས་ཆབ་སྲིད་བཙོན་ཟུར་རྒྱལ་མཚན་སྒྲོལ་དཀར་ལགས་དང་། ས་གནས་སུ་ཡོད་པའི་འབྲི་རུ་བ་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད་པ་རེད། གློག་བརྙན་གཟིགས་འབུལ་མ་ཞུས་པའི་གོང་གོ་སྒྲིག་གནང་མཁན་ལི་ཐུ་ནེན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Donskis མཆོག་གིས། གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད་མཁྱེན་རྟོགས་ཡོང་རྒྱུའི་ཆེད་དུ་ཡིན་སྟབས་ཡོ་རོབ་སྤྱི་མཐུན་གྱི་གཞི་རྩའི་རང་དབང་དང་། མང་གཙོ། དྲང་བདེན་བཅས་ལ་བརྩི་སྲུང་ཞུ་བཞིན་ཡོད་པའི་ཆ་ནས་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་འདུག ཡང་སྐབས་དེར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཡོད་Kate Saunder མཆོག་ནས་ཀྱང་དོན་གྲུབ་དབང་ཆེན་ལགས་ཀྱི་གློག་བརྙན་དེ་བཟོ་བཀོད་བྱེད་དགོས་བའི་རྒྱུ་མཚན་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག དེ་ནས་ཆབ་སྲིད་བཙོན་ཟུར་རྒྱལ་མཚན་སྒྲོལ་དཀར་ལགས་ནས་ཁོང་རང་ཉིད་ལོ་ངོ་བཅུ་གཉིས་ཙམ་རིང་རྒྱའི་བཙོན་ཁང་ནང་བཅུག་པའི་མྱོང་ཚོར་སྐོར་དང་། འབྲི་རུ་ཁུལ་ནས་ཡིན་པའི་སྐལ་བཟང་ཆོས་གྲགས་ལགས་ནས་ཀྱང་ཉེ་ཆར་ནས་བཟུང་འབྲི་རུ་ས་ཁུལ་དུ་བྱུང་བའི་གནས་ཚུལ་དང་རྒྱ་ནག་གཞུང་ནས་དམ་དྲག་བྱེད་སྟངས་སོགས་ངོ་སྤྲོད་གནང་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎