གསར་འགོད་པ་ཀྲང་ཀྲན་གློད་བཀྲོལ་བཏང་ཡོད་ཀྱང་། གང་དུ་ཡོད་མེད་ཤེས་རྟོགས་མིན་འདུག

2024.05.22
གསར་འགོད་པ་ཀྲང་ཀྲན་གློད་བཀྲོལ་བཏང་ཡོད་ཀྱང་། གང་དུ་ཡོད་མེད་ཤེས་རྟོགས་མིན་འདུག ཧོང་ཀོང་ནང་ཕྱི་ལོ་༢༠༢༠ཟླ་༡༢ཚེས་༢༨ཉིན་གསར་འགོད་པ་ཀྲང་ཀྲན་གློད་བཀྲོལ་དགོས་པའི་ཞུ་འབོད།
ཨེ་པི།

རྒྱ་ནག་གི་མི་སེར་ཡིན་པ་གསར་འགོད་པ་ཀྲང་ཀྲན་གྱིས་༢༠༢༠་ལོར་པེ་ཅིང་ནང་ཏོག་དབྱིབས་༡༩ ནད་ཡམས་ཁྱབ་བརྡལ་ཕྱིན་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ནང་བཀོད་པའི་ཉེས་མིང་འོག་ནས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ད་ཆ་གློད་བཀྲོལ་བཏང་ཡོད་པ་གསར་འགོད་ལྟ་རྟོག་ཚོགས་པ་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་བརྙན་ཐུང་ཞིག་འགྲེམས་སྤེལ་གནང་བའི་ནང་གནས་ཚུལ་དེ་བཏོན་གནང་འདུག འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་Zhang ད་དུང་ཡང་རྒྱ་ནག་གཞུང་གི་ལྟ་སྲུང་ནན་པོའི་འོག་གནས་མུས་ཐོག་ཁོང་གི་རང་དབང་ལ་ཚད་བཀག་ཧ་ཅང་ཆེན་པོ་ཡོད་སྐོར་གསུང་འདུག ཀྲང་ཀྲན་སྤྱི་ལོ་ ༢༠༢༠ ལོའི་ཟླ་བ་ལྔ་པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་གྱི་རྗེས་སུ་ཁོང་གིས་རྙོག་གྲ་བའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན། Zhang ཕྱི་ཟླ ༥ ཚེས ༡༣ ཉིན་བཙོན་ཁང་ནས་གློད་འགྲོལ་གཏོང་རྒྱུའི་དུས་ཚོད་གཏན་འཁེལ་བྱས་ཡོད་ཀྱང་། ཁོ་མོ་གང་དུ་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་ལས་འགུལ་བ་ཚོའི་སེམས་ནང་། ཁོང་ད་དུང་དོ་དམ་འོག་ཡོད་སྲིད་པའི་སེམས་འཚབ་བྱུང་ཡོད་པ་དང། རྒྱལ་མཚམས་མེད་པའི་་གསར་འགོད་པའི་མཐུན་ཚོགས་ཀྱིས་གཟའ་ལྷག་པའི་ཉིན་ཉལ་གོས་གྱོན་པའི་Zhang གི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ནང་བཏང་བ་དེས། ཁོང་བཙོན་ཁང་ནས་གློད་འགྲོལ་གཏོང་རྒྱུའི་དུས་བཀག་ལྟར་གློད་བཀྲོལ་བཏང་ཟིན་པ་བསྟན་འདུག
བརྙན་ཐུང་དེའི་ནང་།Zhang ཡིས་སྐད་ཤུགས་ཧ་ཅང་ཆུང་ཆུང་ཐོག ངོས་རང་ཕྱི་ཟླ ༥ ཚེས ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པའི་སྟེང་ཉེན་རྟོག་པས་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ། ངའི་གཅེན་པོ་ཧྲང་ཧེ་རུ་ཡོད་པ་ཁོང་གི་ནང་དུ་བསྐྱལ་བྱུང། ཁྱེད་ཚོ་ཚང་མས་གུས་མོར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་ལས་ལྷག་པ་ད་ལྟའི་ཆར་བཤད་རྒྱུ་མེད་ཅེས་བརྙན་འཕྲིན་དེའི་ནང་སྐད་ཤུགས་ཆུང་ཆུང་ངང་གསལ་བཤད་བྱས་འདུག

གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎