གཉན་ནད་རེག་དུག་AIDSཕོག་མཁན་ཚོར་བདག་སྐྱོང་གནང་རྒྱུ།


2014.12.01
རྒྱ་གར་ལྷོ་ཕྱོགས་སུ་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོའི་མཛད་སྒོར། ༢༠༡༤།༡༢།༡ རྒྱ་གར་ལྷོ་ཕྱོགས་སུ་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོའི་མཛད་སྒོར། ༢༠༡༤།༡༢།༡
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་མིའི་སྒྲིག་འཛུཊ་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་ནས་AIDSའགོས་ནད་ཕོག་པའི་ནད་པར་བདག་སྐྱོང་གནང་རྒྱུ་སོཊ་ཀྱི་གསལ་བསྒྲཊ་གནང་འདུག
དེ་ཡང་དེ་རིང་ཕྱི་ཟླ་བཅིུས་པའི་ཚེས་༡འམ་འཛམ་གླིང་AIDS ཉིན་མོ་དང་སྟབས་བསྟུན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང་། འཛམ་གླིང་AIDS ཉིན་མོ་དེ་ལོ་ལྟར་ཕྱི་ཟླ་༡༢་པོའི་ཚེས་༡་ཉིན་སྲུང་བརྩི་ཞུས་གནང་གི་ཡོད་པ་ནི་ད་བར་AIDS འགོས་ནད་ཀྱི་བརྒྱུད་རིམ་ནས་རྐྱེན་འདས་སུ་གྱུར་བའི་མི་སྣར་དྲན་གསོ་དང་། དེ་བཞིན་འགོས་ནད་དེ་ཕོག་པའི་ནད་པ་ཁག་ལ་བདག་སྐྱོང་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ། ལྷག་པར་དུ་ནད་གཞི་དེ་རིགས་སྔོན་འགོག་ཆེད་ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་བཀའ་སློབ་རིམ་པ་གནང་ཡོད་པ་རེད། ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་ལས་ཁང་ནས་ཕྱི་ལོ་༢༠༡༣་ལོའི་ནང་འཛམ་གླིང་ནང་AIDS འགོས་ནད་ཁྲོད་ནས་རྐྱེན་འདས་སུ་གྱུར་བ་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ཙམ་བྱུང་ཡོད་པ་མ་ཟད། ད་དུང་མི་གྲངས་ས་ཡ་༣༥་ལྷག་ཙམ་ནད་གཞི་དེའི་འོག་ཏུ་གནས་བཞིན་ཡོད་པ་དང་། གསར་དུ་འགོས་ནད་དེ་ཕོག་པའི་མི་མང་ས་ཡ་གཉིས་ལྷག་ཙམ་བྱུང་ཡོད་པ་སོགས་ཀྱི་གནས་སྟངས་སུ་གྱུར་ཡོད་སྟབས་AIDS་ནད་གཞི་དེས་མུ་མཐུད་འཛམ་གླིང་ནང་མང་ཚོགས་ཀྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལུགས་འཛམ་གླིང་འཕྲོད་བསྟེན་ལས་ཁང་ནས་གསལ་སྟོན་གནང་ཡོད་པ་སོགས་ལུངས་འདྲེན་གནང་འདུག དེ་ག་ནང་བཞིན་ཡང་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁང་ནས་AIDS ནད་གཞི་སྔོན་འགོག་བྱེད་རྒྱུའི་ལས་དོན་གང་ལེགས་སྤེལ་གནང་བཞིན་ཡོད་པ་དང་། ནད་གཞི་དེའི་ཐོག་ནས་རྐྱེན་འདས་སུ་གྱུར་བའི་མི་སྣར་དྲན་རྟེན་དང་།  དེ་བཞིན་འགོས་ནད་དེ་ཕོག་པའི་ནད་པར་བདག་སྐྱོང་གནང་རྒྱུ་སོགས་ཀྱི་སྐོར་གསལ་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎