ཨ་རིའི་གྲོས་ཚོགས་འཐུས་མིས་བོད་དོན་ལས་འགུལ།
2012.12.13
༄༅། །སྲིད་འཛིན་ལ་འབུལ་རྒྱུའི་ཞུ་ཡིག་གི་ཟིན་བྲིས་ཤིག་རྒྱལ་སྤྱིའི་བོད་དོན་ལས་ཁུལ་གྱིས་གསལ་བསྒྲགས་གནང་བའི་ནང་། གྲོས་ཚོགས་ཀྱི་གཞུང་འཛིན་མང་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ ཇེམྶེ་ མེཀྒོཝརན་ (James McGovern) དང་ཕྱོགས་འགལ་སྤྱི་མཐུན་ཚོགས་པའི་འཐུས་མི་དང་། བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་གྲས་ ཕེརེངྒ་ ཝུལྤབ་(Frank Wolf)རྣམ་གཉིས་ཀྱིས་སྲིད་འཛིན་ ཨོ་བ་མ་མཆོག་གིས་བོད་ཀྱི་རྩ་དོན་གལ་ཆེ་ཤོས་གྲས་སུ་བརྩི་གནང་དགོས་དང་། ལྷག་དོན་དུ་བོད་ནང་འུ་ཐུག་ཐབས་ཟད་ཀྱི་ངོ་རྒོལ་བྱེད་བཞིན་པོའི་སྐབས་འདིར། ཨ་མི་རི་ཀས་ངེས་པར་རྒྱབ་སྐྱོར་གནང་དགོས་པས་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུར་གནོན་ཤུགས་སྤྲོད་དགོས་པ། དེ་བཞིན་ཕྱི་སྲིད་དྲུང་ཆེ་གསར་པ་དེ་ཡང་གནད་དོན་དེ་རིགས་ལ་གདོང་ལེན་གནང་ཐུབ་མཁན་ཞིག་བསྐོ་གཞག་དགོས་པའི་རེ་འདུན་ཡང་ཞུས་གནང་འདུག། དེ་དང་ཕྱོགས་མཚུངས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་རྒྱ་ནག་དང་བོད་མིའི་དབུ་ཁྲིད་དབར་གྲོས་མོལ་མཇུག་སྐྱོང་གིས་འབད་བརྩོན་ཡང་གནང་དགོས་ཀྱི་རེད་ཅེས་བཀོད་གནང་འདུག ཁོང་གཉིས་ཀྱི་ཨ་རིའི་གྲོས་ཚོགས་ཀྱི་ ཊོམ་ ལེནྚོ་སེ་ (Tom Lantos)འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ཡིན་པ་རེད༎ སྙན་ཞུ་དེར་གྲོས་འཐུས་མི་ཚོའི་རྒྱབ་སྐྱོར་འཚོལ་རྒྱུ་འགོ་འཛུགས་གནང་ཡོད་པ་རེད།།