རྒྱ་ནག་གིས་བཀག་ཉར་འོག་གི་ཁྲིམས་རྩོད་པ་ཚོ་གློད་དགོས།


2016.02.16
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ (Zeid Ra'ad al-Hussein)མཆོག ༢༠༡༤།༡༠།༡༦ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ (Zeid Ra'ad al-Hussein)མཆོག ༢༠༡༤།༡༠།༡༦
AFP

དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ (Zeid Ra'ad al-Hussein)མཆོག་གིས། རྒྱ་ནག་གཞུང་གིས་ཟླ་བ་སྔོན་མའི་ནང་འཛིན་བཟུང་བྱས་པ་ཐེ་བའི་སྔ་ལོ་ཕྱི་ཟླ་༧པ་ནས་ད་བར་དོ་དམ་བཀར་ཉར་འོག་ཏུ་བཞག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཚང་མ་གློད་གྲོལ་གཏོང་དགོས། གང་ལགས་ཞེ་ན། དོ་དམ་བྱས་བསྡད་ཡོད་པའི་ཁྲིམས་རྩོད་པ་དེ་ཚོའི་ལས་འགུལ་ཐོག་ལ་ཁྲིམས་ཞིབ་བྱེད་པ་དང་། ཉེས་ཆད་བཀལ་བ་ནི་ནོར་འཁྲུལ་ཅན་དང་ཁྲིམས་མཐུན་མ་རེད་ཅེས་གསུངས་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་(Zeid Ra'ad al-Hussein)མཆོག་གིས། དེ་རིང་ཧོང་ཀོང་ནང་གི་དེབ་ཚོང་བ་མི་གྲངས་ལྔའི་གནད་དོན་ཐད་ལའང་ཐུགས་འཚབས་ཆེན་པོ་ཡོད་ཅེས་གསུང་གནང་བ་དང་སྦྲགས་རྒྱ་ནག་གཞུང་གིས་ ཁོང་ཚོའི་གནད་དོན་ཐད་ཕྱི་གསལ་ནང་གསལ་ཅན་དང་། དྲང་བདེན་ཅན་གྱི་ཐག་གཅོད་གནང་དགོས་པའི་སྐུལ་འདེད་གནང་ཡོད་པ་རེད།
ཁོང་གིས་མུ་མཐུད་དུ། རྒྱ་ནག་གཞུང་གིས་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་སྨྲ་བརྗོད་དང་། འདུ་འཛོམས་རང་དབང་གི་ཐོག་ལ་སྟངས་འཛིན་བྱ་རྒྱུའི་ཁྲིམས་གཞིའི་ཟིན་བྲིས་ཐོག་ལའང་ཚད་མཐོའི་བློ་འཚབ་ཡོད་ལ་དེ་ཡིས་ཞི་བའི་མི་མང་གི་སྤྱི་ཚོགས་ཀྱི་ལས་དོན་ཐོག་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད་པའི་དགོིངས་ཚུལ་གསལ་བཤད་གནང་ཡོད་པ་རེད།

གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎