ལིའུ་ཤའོ་ཕུའོ་བཙོན་བཅུག་བྱས་པ་དེ་ཁྲིམས་འགལ་ཡིན།

ལིའུ་ཤའོ་ཕུའོ་དང་ཁོང་གི་བཟའ་ཟླ་ཙོན་འོག་ཏུ་བཅུག་པ་དེ་རྒྱལ་སྤྱིའི་ཁྲིམས་འགལ་ཆགས་ཀྱི་ཡོད་སྐོར་མཉམ་འབྲེལ་རྒྱལ་ཚོཌ་ནས་གསུང་།

2011.08.01

༄༅༎རྒྱ་ནག་གཞུང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ལིའུ་ཤའོ་ཕུའོ་དང་ཁོང་གི་བཟའ་ཟླ་རྒྱའི་བཙོན་འོག་ཏུ་བཅུག་པ་་དེ་རྒྱལ་སྤྱིའི་ཁྲིམས་འགལ་ཆགས་ཀྱི་ཡོད་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ནས་གསུང་ཡོད་པ་རེད་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་མཚམས་དོ་དམ་བཀག་འགོག་ལས་དོན་ཚོགས་ཆུང་གིས་རྒྱ་གཞུང་ནས་ལུའི་ཞའི་པའོ་ཕྱི་ལོ་ ༢༠༠༩ ལོར་་གཞུང་མགོ་རྟིང་སློག་པའི་ནག་ཉེས་ཐོག་ཁྲིམས་གཏུགས་གང་ཡང་མེད་པར་ལོ་ངོ་༡༡་བཙོན་འཇུག་དང་ཁོང་སུ་དང་ཡང་་ཐུག་འཕྲད་བྱེད་མ་བཅུག་པ་དེར་སྐྱོན་བརྗོད་གནང་ཡོད་པ་རེད་ གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་མཚམས་དོ་དམ་བཀག་འགོག་ལས་དོན་ཚོགས་ཆུང་དེ་ནི་འཛམ་གླིང་གི་རྒྱལ་ཁབ་ལྔའི་ནང་ནས་འགྲོ་བ་མའི་ཐོབ་ཐང་གི་གནད་དོན་ཐོག་མཁས་པའི་མི་སྣ་ལས་གྲུབ་པའི་རང་དབང་ལྡན་པའི་ཚོགས་ཆུང་ཞིག་ཆགས་ཀྱི་ཡོད་པ་དང་ཚོགས་ཆུང་དེས་རྒྱ་གཞུང་གིས་ལུའི་ཞའི་པའོ་འཕྲལ་དུ་གློད་བཀྲོལ་དང་ཁོང་ལ་གུན་གསབ་གང་ཡོང་གནང་ནས་ནོར་འཁྲུལ་དེ་བཅོས་ཐབས་བྱེད་དགོས་ཞེས་གསུང་ཡོད་པ་རེད་ ཚོགས་ཆུང་དེས་སྙན་ཐོ་ཞིག་འདོན་སྤེལ་གནང་བ་དེའི་ནང་རྒྱ་གཞུང་གིས་ལུའི་ཞའི་པའོ་ཡི་སྲིད་དོན་གྱི་གཏམ་བརྗོད་རང་དབང་ཐོག་ཐེ་བྱུས་བྱས་པ་དེ་དྲང་བདེན་ཞིག་ཆགས་ཀྱི་མིན་འདུག་ཅེས་གསུང་པ་དང་ཚོགས་པ་དེའི་སྙན་ཐོ་དེ་འདི་ལོ་ཕྱི་ཟླ་ ༥ པའི་ཚེས་ ༥ ཉིན་བཏོན་གནང་ཡངརང་དབང་ད་ལྟ་ཞེས་་ཁྲིམས་ལུགས་རང་དབང་གི་ཚོགས་པ་དེས་ཁ་ཉིན་རེས་གཟའ་ཟླ་བ་ཉིན་བཏོན་གནང་ཡོད་པ་རེད་     

ཡང་གོང་ཞུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཚོགས་ཆུང་དེས་རྒྱ་གཞུང་གིས་ལུའི་ཞའི་པའོ་ཡི་བཟའ་ཟླ་རང་གི་ནང་ཁྱིམ་ནས་ཕྱིར་ཐོན་རྒྱུར་དམ་བསྒྲཌ་བྱེད་པ་དེར་ཁོ་མོ་འཕྲལ་དུ་ཁྲིམས་ཀྱི་མདུན་སར་བསྐྱོད་ཆོག་པའི་རང་དབང་ཡོད་པ་དང་ཁྲིམས་རྩོད་པ་ཆེད་གླས་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད་ གོང་ཞུས་རང་དབང་ད་ལྟ་ཞེས་པའི་ཁྲིམས་ཀྱི་རང་དབང་ཐོག་རྩོད་ལེན་གནང་མཁན་གྱི་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ཇེ་རེརྡ་གེན་སར་ཡིས་ད་ཐེངས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་དེའི་ཐག་གཅོད་དེས་གནད་དོན་དེའི་ཐོག་གནད་འགག་ཆེ་བའི་དག་ཐེར་ཞིག་དང་ལུའི་ཞའི་པའོ་བཟའ་ཚོ་གཉིས་དོ་དམ་བྱས་པ་དེ་ཆེས་འགལ་འཛོལ་ཐོག་རྒྱལ་སྤྱིའི་ཁྲིམས་འགལ་བྱས་པ་ཞིག་རེད་ཅེས་གསུང་འདུག དེ་མ་ཟད་གོང་ཞུས་ཚོགས་པ་དེས་ལུའི་ཞའི་པའོ་གློད་བཀྲོལ་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་ཀྱང་རྒྱ་གཞུང་ལ་དགོས་འདུན་བཏོན་དགོས་པའི་གནོན་ཤུགས་གནང་ཡོད་པ་རེད་    

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎