སྔོན་རྩིས་སྒོར་ས་ཡ་༢༢༤༠་གཏན་འབེབས་བཀའ་ཁྲོལ་བྱུང་འདུག


2016.04.01
བོད་མི་སྒྲིག་འཛུཊ་ཀྱི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡་པའི་ཚོགས་ར། ༢༠༡༦།༤།༡ བོད་མི་སྒྲིག་འཛུཊ་ཀྱི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡་པའི་ཚོགས་ར། ༢༠༡༦།༤།༡
བསྟན་འཛིན་དོན་ཡོད།།RFA

སྤྱི་འཐུས་གྲོས་ཚོགས་སུ་སྔོན་རྩིས་སྒོར་ས་ཡ་༢༢༤༠་གཏན་འབེབས་བཀའ་ཁྲོལ་བྱུང་བ་དང་གྲོས་ཚོགས་ཚོགས་དུས་མཐའ་མ་མཇུག་སྒྲིལ་འདུག
ད་རེས་ཚོགས་པའི་བོད་མིའི་སྒྲིག་འཛུགས་གྲོས་ཚོགས་སྐབས་༡༥་པའི་ཐོག་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཆར་ལོའི་ལོ་གཅིག་གི་སྔོན་རྩིས་འགྲོ་སོང་ཧིན་སྒོར་ས་ཡ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་གཏན་འབེབས་བཀའ་ཁྲོལ་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་༢༡་ནས་བཞུགས་སྒར་རྡ་རམ་ས་ལར་འགོ་བཙུགས་གནང་བའི་བོད་མི་དམངས་ཀྱི་གྲོས་ཚོགས་ཚོགས་དུས་༡༥་པ་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་སྔོན་རྩིས་བཀའ་ཁྲོལ་གནང་ཕྱོགས་ཐོག་གི་ལྷན་ཚོགས་ཤིག་ཡིན་པ་ལྟར། ཕྱི་ཟླ་གསུམ་པའི་ཚེས་༣༡་ཉིན་གྱི་གྲོས་ཚོགས་ཉིན་གྲངས་༡༡་ཉིན་གྱི་ཚོགས་དུས་ཐོག་ཕྱི་ཟླ་བཞི་པའི་ཚེས་༡་ནས་དབུ་བཙུགས་གནང་རྒྱུའི་༢༠༡༦་དང་༢༠༡༧་ལོའི་ལོ་གཅིག་གི་འགྲོ་གྲོན་རྒྱ་གར་གྱི་སྒོར་མོ་ས་ཡ་གཉིས་སྟོང་ཉིས་བརྒྱ་བཞི་བཅུ་བཀའ་ཁྲོལ་གནང་ཡོད་ཅིང་། ད་རེས་སྤྱི་འཐུས་གྲོས་ཚོགས་ནས་བཀའ་ཁྲོལ་གཏན་འབེབས་གནང་བའི་དངུལ་འབོར་དེ་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་༢༠༡༦་དང་༢༠༡༧་བར་ལོ་འཁོར་གཅིག་གི་རྩིས་ལོའི་འགྲོ་གྲོན་ཡིན་པ་དང་། ཕྱོགས་སྡོམ་མ་དངུལ་ཁུངས་སུ་མ་ཚུད་པའི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་གི་བཀོད་བསྡོམས་ལས་ཁང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་Bangalore་ཡོད་པའི་ལྷོ་སྤྱི་ལས་ཁུངས་དང་། གཞན་ཡང་ས་གནས་འཐུས་མི་མེད་པའི་བོད་པའི་ས་གནས་ཁག་ཅིག་དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁུངས་སུ་ཡོད་པའི་དབང་པོ་སྐྱོན་ཅན་བོད་པའི་ཕྲུ་གུ་ལྟ་རྟོགས་ཆེད་བཙུགས་པའི་སྔོན་དགའ་སློབ་གྲྭ་དང་། གཞན་ཡང་སྨན་ཁང་ཁག་ཅིག་གི་རྒྱུན་གྲོན་ལོགས་སུ་བཀའ་ཁྲོལ་གནང་ཡོད་པ་རེད་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སོ་སོའི་འགྲོ་གྲོན་དགོས་ངེས་རྣམས་སྙན་གསེང་ཞུས་རྗེས་སྤྱི་འཐུས་ལྷན་ཚོགས་ནས་བགྲོ་གླེང་གནང་སྟེ། བཀའ་ཁྲོལ་གཏན་འཁེལ་གནང་གི་ཡོད་ཅིང་། ཁ་ས་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྐུ་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྔོན་རྩིས་སྒྲོག་སྦྱང་གནང་བའི་ནང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་དང་འབྲེལ་ཡོད་སྒྲིག་འཛུགས་ཀྱི་སྲིད་ཞུའི་ལས་བྱེད་པ་ཚོས་མ་དངུལ་གང་ཐུབ་ཀྱི་བསྲི་ཚགས་གནང་གལ་ཆེ་བ་དང་། ལས་ཁུངས་ཁག་གི་འགྲོ་སོང་དངུལ་རྩིས་ཀྱི་ཐོག་ལ་རྩིས་ཞིབ་ལས་ཁུངས་ནས་ཞིབ་འཇུག་ལས་དོན་སྙན་གསེང་ཞུ་དགོས་ཀྱི་ཡོད་པའི་སྐོར་ཡང་ནན་བརྗོད་གནང་ཡོད་པ་རེད།

གསར་འགོད་པ་གཡུ་སྒྲོན།

 

བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༡པ་མཇུག་སྒྲིལ་གནང་ཡོད་པའི་སྐོར་གཤམ་ལ་གསན་རོགས།

 

 

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎