ཐའེ་ལྦན་མང་ཚོགས་འདུ་ཚོགས་བྱ་ཡུལ་དུ་ཐ་མག་འཐེན་མི་ཆོག

ཐའེ་ལྦན་གྱི་འཛིན་སྐྱོང་མི་སྣ་ཚོས་ཁ་ས་ནས་བཟུང་མང་ཚོགས་འདུ་ཚོགས་བྱ་ཡུལ་ཁག་ཏུ་ཐ་མག་འཐེན་མི་ཆོག་པའི་དམ་བསྒྲགས་གནང་ཡོད་པ།

2009.01.11

༄༅༎ཐའེ་ལྦན་གྱི་འཛིན་སྐྱོང་མི་སྣ་ཚོས་ཁ་ས་ནས་བཟུང་མང་ཚོགས་འདུ་ཚོགས་བྱ་ཡུལ་ཁག་ཏུ་ཐ་མག་འཐེན་མི་ཆོག་པའི་དམ་བསྒྲགས་གནང་ཡོད་པ་དང་ལས་གཞི་དོན་གཉེར་བ་ཚོས་ལས་དོན་དེའི་བརྒྱུད་ཐའེ་ལྦན་དེ་བཞིན་དུ་བ་མེད་པའི་གླིང་ཕྲན་ཞིག་ཏུ་བསྒྱུར་རྒྱུའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག

དེ་སྔོན་ཡིན་ན་སྨན་ཁང་དང་སློབ་གྲྭ།གློག་བརྙན་ཁང་དང་དཔེ་མཛོད།གཞུང་གི་ལས་ཁང་སོགས་མི་མང་འདུ་འཛོམས་བྱ་ཡུལ་ཁག་ཏུ་ཐ་མག་འཐེན་མ་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད། ད་རེས་ཀྱི་ཁྲིམས་གཞི་གསར་པ་དེའི་འོག་མགྲོན་ཁང་དང་བཟའ་ཁང༌།ཆང་ཁང་དང་གློག་འཕྲིན་ད་རྒྱ་བེད་སྤྱོད་གཏོང་ཡུལ་དང་ཐོག་ཡོད་པའི་འགྲིམ་འགྲུལ་ས་ཚུགས་ཁག་ལའང་མང་ཚོགས་ཀྱིས་ཐ་མག་འཐེན་ཆོག་རྒྱུ་མིན་པའི་དམ་བསྒྲགས་བཀག་སྡོམ་གནང་ཡོད་ཅིང་ཐ་མག་འཐེན་མ་ཆོག་པའི་དམ་བསྒྲགས་ཡོད་སའི་ས་ཚིག་ཁག་ལ་མི་སུ་ཞིག་གིས་ཐ་མག་གི་མེ་སྤར་བ་ཡིན་ན་ཐའེ་ལྦན་གྱི་ཌོ་ལར་ཁྲི་གཅིག་བར་དངུལ་གྱི་ཉེས་ཆད་གཏང་རྒྱུ་ཡིན་པ་རེད། དེ་བཞིན་ཁྲིམས་གཞི་གསར་པ་དེའི་འོག་གནམ་གྲུའི་བབས་ཐང་ཁག་ཏུ་ཐ་མག་འཐེན་སའི་ཁང་ཆུང་ཟུར་དུ་ཡོད་པ་དེ་ཚོ་སྒོ་རྒྱབ་ཡོད་པ་དང་རྒྱལ་ནང་གི་མཁའ་ལམ་འགྲུལ་བསྐྱེལ་གནམ་གྲུ་ཁག་ནང་རྣམ་ཀུན་འགྲུལ་པ་ཚོར་ཐ་མག་ཚོང་སྒྱུར་བྱེད་ཀྱི་ཡོད་པ་དེ་ཚོའང་མེད་པ་བཟོས་འདུག

ཁ་ས་མི་མང་འདུ་འཛོམས་བྱ་ཡུལ་གྱི་ས་ཚིག་༢༧༤༠ནང་ནས་ལྔས་སྒོ་ཁར་ཐ་མག་འཐེན་མ་ཆོག་པའི་ཡིག་སྦྱང་བཀལ་རྒྱུ་བརྗོད་ཡོད་པར་བརྟེན་རྟོག་ཞིབ་པ་ཚོས་ཐའེ་ལྦན་གྱི་ཌོ་ལར་ཁྲི་ལྔ་ཙམ་གྱི་ཉེས་ཆད་བཏང་ཡོད་སྐོར་ཐའེ་ཕེ་གྲོང་ཁྱེར་སྲིད་གཞུང་གིས་འགྲེལ་བརྗོད་གནང་བཞག དེ་བཞིན་ཐའེ་ལྦན་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གཏན་ཆའི་འགན་ལེན་འཆར་གཞིར་མ་དངུལ་མ་འདེངས་བའི་དཀའ་ངལ་སེལ་ཐབས་སུ་ཐའེ་ལྦན་གཞུང་གིས་ཐ་མག་ཆིག་སྟོང་རེར་གཞུང་ཁྲལ་ལྡབ་གཉིས་ཙམ་སྤར་གནང་སྟེ་ཐའེ་ལྦན་ཌོ་ལར་ལྔ་བརྒྱ་བར་སྤར་གནང་འདུག ཐའེ་ལྦན་གྱི་འཛིན་སྐྱོང་དཔོན་རིགས་ཚོས་ཐ་མག་གི་རིན་གོང་སྤར་བ་ཡིན་ན་ཐ་མག་ཉོ་མཁན་ཉུང་དུ་འགྲོ་རྒྱུ་དང་ཐ་མག་གི་རྐྱེན་བྱས་པའི་ནད་གཞིའི་རིགས་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་གནང་གི་ཡོད་པ་མ་ཟད་ཐའེ་ལྦན་ནང་གློ་བའི་སྐྲན་ནད་དེ་བཞིན་མིའི་སྲོག་ལ་སྐྱོན་གཏོང་མཁན་གྱི་རྐྱེན་གཙོ་བོ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎