སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་༢༠༡༤ཞེས་པ་ལག་བསྟར་ཡོང་བའི་འབོད་བསྐུལ་ཞུས་ཡོད་པ།

2021.12.03
སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་༢༠༡༤ཞེས་པ་ལག་བསྟར་ཡོང་བའི་འབོད་བསྐུལ་ཞུས་ཡོད་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨུཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་སྐུ་ཞབས་ཨ་ནྣཏ་ཝར་ངྷན་མཆོག་དང་མཇལ་འཕྲད་ཞུས་ཡོད་པ།
བློ་བཟང་།

སྤྱི་ལོ་༢༠༢༡ཟླ་༡༢པའི་ཚེས་༣ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ལྡེ་ར་ལྡུན་དང་ཧལ་པར་པུར་ས་གནས་འགོ་འཛིན་བཅས་ཨུཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་སྐུ་ཞབས་ཨ་ནྣཏ་ཝར་ངྷན་མཆོག་དང་མཇལ་འཕྲད་ཀྱིས། རྒྱ་གར་གཞུང་དང་ལྷག་པར་དུ་མངའ་སྡེ་གཞུང་གིས་ས་གནས་བོད་པ་རྣམས་ལ་སྡོད་གནས་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ད་དུང་ས་གནས་བོད་མི་རྣམས་ལ་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་༢༠༡༤ཞེས་པའི་སྲིད་བྱུས་ལག་བསྟར་གྱིས་དེའི་དགོངས་དོན་ལྟར་མཐུན་རྐྱེན་གནང་རོགས་ཞེས་སྙན་གསེང་ཞུས་ཡོད་པའི་སྐོར་ལ་ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་མཆོག་དང་མཇལ་འཕྲད་ཀྱིས་སྙན་གསེང་ཞུས་བའི་སྐབས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་མཆོག་གིས་རིང་མིན་བོད་པའི་ས་གནས་འགོ་འཛིན་དང་ལྷན་དུ་ཚོགས་འདུ་བསྐོང་སྟེ་ཐག་ཆོད་བྱ་རྒྱུ་ཡིན་པ་ལན་འདེབས་གནང་ཡོད་འདུག
རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བོད་མི་གནས་སྡོད་ས་གནས་ཚང་མའི་ནང་སྲིད་བྱུས་ལག་བསྟར་ཡོང་བའི་འབད་བརྩོན་བྱེད་མུས་ལ་ཀར་ནཱ་ཊཱ་ཀཱ་མངའ་སྡེའི་ནང་སྲིད་བྱུས་དེ་ལག་བསྟར་བྱེད་ཐུབ་ཡོད་པ་ལས། གཞན་ཨུ་ཏར་ཁནྜ་གཙོས་མངའ་སྡེ་ཚང་མའི་ནང་སྲིད་བྱུས་དེ་ད་བར་ལག་བསྟར་བྱེད་ཐུབ་མེད་པ་རེད་འདུག སྲིད་བྱུས་དེ་ལག་བསྟར་བྱ་ཐུབ་པ་ཡིན་ན་བོད་པའི་གཞིས་སྒར་ཁག་ཏུ་ལམ་དང་། ཆུ་དང་གློག་སོགས་ཀྱི་མཐུན་རྐྱེན་མང་པོ་ཞིག་རག་གི་ཡོད་པ་རེད།
ཐེངས་འདིར་སྲིད་སྐྱོང་མཆོག་ལྡེ་ར་ལྡུན་ཁུལ་དུ་ཕྱོགས་ཕེབས་ཀྱི་མཛད་རིམ་ནང་། ཨུ་ཏར་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་བྱེད་རྒྱུའི་དུས་ཚད་བཟོས་ཡོད་ཀྱང་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་འདི་ཕྱོགས་སུ་ཕེབས་པའི་སྐབས་དང་འཁེལ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་འཕྲད་བྱེད་ཐུབ་མེད་པ་རེད་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎