སྲིད་སྐྱོང་མཆོག་ནས་ཁ་ཆེའི་སློབ་གྲྭར་གསུང་བཤད།
2012.11.22
༄༅། །ཟླ་བ་འདིའི་ཚེས་༢༩ཉིན་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་གནང་བའི་Jawaharlal Nehru གཙུག་ལག་སློབ་གྲྭ་ཆེན་མོའི་Convention Centreགི་ཚོགས་ཁང་ཆེན་མོའི་ནང་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་གནད་དོན་སེལ་ཆེ་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་པའི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་དང་། གསུང་བཤད་དེ་གོ་སྒྲིག་གནང་མཁན་Jawaharlal གཙུག་ལག་སློབ་གྲྭ་ཆེན་མོའི་JP ཐེབ་རྩ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས། དེ་བཞིན་ལྡི་ལིའི་སྐུ་ཚབ་དོན་གཅོད་ཁང་བཅས་ཡིན་པ་རེད།
དེ་དང་ཕྱོགས་མཚུངས་ཕྱི་ཚེས་༣༠ཉིན་ལྡི་ལིའི་ནང་གི་Jamia Milliaཁ་ཆེའི་གཙུག་ལག་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་དང་རྒྱ་གར་གྱི་རིགས་རུས་དམའ་བའི་ཤེས་ཡོན་ཚན་པའི་གོ་སྒྲིག་འོག རྒྱ་གར་གྱི་སྲིད་འཛིན་ཟུར་པ་K.R Narayanan མཆོག་གི་དྲན་རྟེན་ལྷན་ཚོགས་ཐེངས་དྲུག་པའི་ཐོག སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་པ་དང༌། གསུང་བཤད་གནང་ཡུལ་དེ་Edward Said ཚོགས་ཁང་ཆེན་མོའི་ནང་རེད་འདུག།