ཡུ་གུར་མི་རིགས་ལ་ངལ་རྩོལ་བསྒྱུར་བཀོད་ལས་སྲུང་སྐྱོབ་ཀྱི་ཆེད་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བ།

2021.12.17
ཡུ་གུར་མི་རིགས་ལ་ངལ་རྩོལ་བསྒྱུར་བཀོད་ལས་སྲུང་སྐྱོབ་ཀྱི་ཆེད་ཨ་རིའི་གྲོས་ཚོགས་ཀྱིས་གྲོས་ཆོད་གཏན་འབེབས་གནང་བ། རྒྱ་ནག་གིས་ཡུལ་གུར་མི་རིགས་ལ་བཙན་ཤེད་ཐོག་ནས་ངལ་རྩོལ་བསྒྱུར་བཀོད་བྱེད་པའི་གནད་དོན་ལས་སྲུང་སྐྱོབ་ཀྱི་ཆེད་ཨ་རི་གྲོས་ཚོགས་ནས་གྲོས་ཆོད་གཏན་འབེབས་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་ནག་གིས་ཡུལ་གུར་མི་རིགས་ལ་བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་པའི་གནད་དོན་ལས་སྲུང་སྐྱོབ་ཀྱི་ཆེད་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་འཆར་ཞིག་གྲོས་ཚོགས་ནང་ལྷག་བསྡད་ཡོད་པ་དེ་ཆབ་སྲིད་ཚོགས་པ་གཉིས་ཀས་མོས་མཐུན་གཏན་འབེབས་གནང་འདུག་པས། ཁྲིམས་འཆར་དེར་སྲིད་འཛིན་སྦཡེཌན་གྱིས་མཚན་རྟགས་བཀོད་མཚམས། རྒྱ་ནག་གི་མངའ་དབང་དུ་འོག་ཚུད་པའི་ཤིན་ཅང་ས་ཁུལ་གྱི་ངལ་རྩོལ་བར་སྐུལ་འདེད་བྱས་དེ་བཟོས་པའི་ཐོན་རྫས་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་རྒྱུ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།
ཁྲིམས་ཡིག་འདིའི་འོག་ནས། ཨ་རིའི་འབྲེལ་ཡོད་ཁེ་གཉེར་ལས་ཁང་གིས་དངོས་ཟོག་དེ་དག་བཙན་ཤེད་ཀྱིས་ངལ་རྩོལ་བརྒྱུད་ནས་ཐོན་པ་ཞིག་མ་ཡིན་པ་དཔང་རྟགས་ར་སྤྲོད་གསལ་པོ་ཞིག་སྟོན་དགོས་པར་གྱུར་ཡོད་པ་རེད།
ད་ལྟའི་ཆར་ཨ་རིའི་ནང་སྤྲིན་བལ་མང་ཆེ་བ་ཤིན་ཅང་ས་ཁུལ་ནས་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། Nike དང་ Coca Cola བཅས་ཚོང་གཉེར་ཁང་ཆེ་བ་ཁག་ཅིག་གིས་ཨ་རིའི་གྲོས་ཚོགས་ཀྱི་གཏན་འབེབས་བྱས་པའི་ཁྲིམས་འཆར་དེར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། དེས་རྒྱ་ནག་གི་བཟོ་གྲྭར་འབྲེལ་བ་ཆགས་པའི་ཨ་རིའི་དངོས་ཟོག་མཁོ་རྒྱུགས་ལ་ཤུགས་རྐྱེན་ཆེན་པོ་སླེབས་སྲིད་པར་ངོས་འཛིན་གྱི་ཁྲིམས་འཆར་འདིར་རྒྱབ་སྐྱོར་མི་ཡོང་བའི་རེབསྐུལ་བྱས་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎