རྒྱ་ནག་ནང་དངོས་ཟོག་གི་གོང་འཕར་བར་སེམས་འཚབ།

རྒྱ་ནག་གི་སླིད་བློན་དབུན་ཅ་པའོས་རྒྱ་ནག་ནང་གི་བརྟན་ལྷིང་མེད་གནད་དོན་ཐོག་སེམས་འཚབ་བྱེད་བཞིན་པ།

2011.06.25

༄༅༎རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་དེང་སྐབས་ཡོ་རོབ་ཡུལ་ཁག་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་པ་དང་ སྲིད་བློན་དབུན་ཅ་བའོ་ཡིས་ཡོ་རོབ་ཡུལ་ཁག་ནང་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་སྔོན་རྒྱ་ནག་ནང་ཟོག་གོང་འཕར་བ་དང་། སྤྱི་ཚོགས་བརྟན་ལྷིང་མེད་པའི་སེམས་འཚབ་ཀྱི་གནད་དོན་དེ་སེལ་ཐབས་ཀྱི་གཏམ་བཤད་སྤེལ་ཡོད་ལུགས་འཁོད་འདུག གཟའ་པ་སངས་ཉིན་དཔལ་འབྱོར་དུས་དེབས་ཞེས་པའི་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་འཁོད་པའི་ནང་ རྒྱ་ནག་གི་སྲིད་བློན་དབུན་ཅ་བའོ་ཡིས་རྒྱ་ནག་ནང་དངོས་ཟོག་གི་རིན་གོང་མཐོ་རུ་འགྲོ་བཞིན་པའི་གནས་སྟངས་སེལ་རྒྱུར་འདེངས་ཚོད་ཡོད་ལུགས་གསུངས་ཡོད་པའི་སྐོར་འཁོད་ཡོད་འདུག   རྒྱ་ནག་ནང་ད་ལོ་ཕྱི་ཟླ་ལྔ་པ་གཅིག་པུའི་ནང་ཟོག་གོང་བརྒྱ་ཆ་ལྔ་དང་གྲངས་ཆུང་ལྔ་ཙམ་འཕར་ནས་ འདས་པའི་ཟླ་བ་གསུམ་ཅུ་སོ་བཞིའི་རིང་དངོས་ཟོག་གི་རིན་གོང་མཐོ་ཤོས་སུ་སླེབས་ཡོད་པ་དང་། སྤྱི་ཟླ་དྲུག་པ་དང་བདུན་པའི་ནང་དངོས་ཟོག་གི་རིན་གོང་མུ་མཐུད་ནས་བརྒྱ་ཆ་དྲུག་ཙམ་བར་འཕར་རྒྱུ་རྒྱ་ནག་དབུས་དངུལ་ཁང་གིས་ཚོད་རྩིས་བྱེད་བཞིན་ཡོད་སྟབས་དེ་ལ་སྟུན་ནས་ན་ནིང་ཕྱི་ཟླ་བརྒྱད་པ་ནས་བཟུང་དངུལ་འབུན་གྱི་སྐྱེད་ཀ་ཡང་ཐེངས་བཞི་ཙམ་འཕར་ཆ་བྱེད་དགོས་བྱུང་ཡོད་པ་རེད། དེ་མིན་རྒྱ་ནག་ནང་བཟའ་ཆའི་རིན་གོང་ཡང་ཇེ་ཐོར་ཕྱིན་ནས་ད་ཆ་བཟའ་ཆའི་རིན་གོང་དེ་སྔོན་ལས་རྒྱ་ནག་བཅུ་གཅིག་ཙམ་འཕར་ཡོད་པ་དང་ད་དུང་ཡང་མུ་མཐུད་ནས་འཕར་རྒྱུའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག ཕྱི་རྒྱལ་གྱི་དཔལ་འབྱོར་མཁས་པ་དང་ཆབ་སྲིད་ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྲིད་བློན་དབུན་ཅའ་བའོ་ཡིས་ཡོ་རོབ་ཡུལ་ཁག་ནང་འཚམས་གཟིགས་མ་ཕེབས་སྔོན་དཔལ་འབྱོར་དུས་དེབས་ཚགས་ཤོག་ཐོག་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུའི་ཁྲོད་དངོས་ཟོག་དང་བཟའ་ཆའི་རིན་གོང་ཇེ་མཐོར་འགྲོ་བཞིན་པའི་གནས་སྟངས་དང་། དེ་དག་ལ་བརྟེན་ནས་རྒྱ་ནག་ནང་བརྟན་ལྷིང་མེད་པའི་གནས་སྟངས་ཡོང་རྒྱུར་གདོང་ལེན་དང་གནད་དོན་དེ་དག་སེལ་ཐུབ་རྒྱུ་རྒྱ་ནག་གཞུང་ལ་འདེངས་ཚོད་ཡོད་ལུགས་བཀའ་མོལ་གནང་ཡོད་ཀྱང་  དོན་དངོས་དེ་ལྟར་ཡོང་རྒྱུ་ཁག་པོ་ཡིན་པའི་དགོངས་ཚུལ་གསུང་གི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ངེས་པར་དུ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པའི་དགོངས་ཚུལ་གསུང་གི་ཡོད་པ་འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎