རྒྱ་ནག་གིས་བོད་ནང་ཆབ་སྲིད་སློབ་གསོའི་ལས་འགུལ།


2018.11.30
རྒྱ་ནག་གིས་ཆབ་མདོ་ཕྱོགས་སུ་ཆབ་སྲིད་སློབ་གསོའི་ལས་འགུལ་སྐབས། ༢༠༡༨ རྒྱ་ནག་གིས་ཆབ་མདོ་ཕྱོགས་སུ་ཆབ་སྲིད་སློབ་གསོའི་ལས་འགུལ་སྐབས། ༢༠༡༨
དྲ་བཤུས།/FT

ཆབ་མདོ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ཆོས་བྱེད་མི་སྣ་གསོ་སྐྱོང་འཛིན་གྲྭ་ཞེས་ཆབ་སྲིད་སློབ་གསོའི་ལས་འགུལ་བཙན་དབང་འོག་སྤེལ་བཞིན་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་ཁྲིམས་ལུགས་སློབ་གསོའི་མིང་ཐོག་ཆབ་མདོའི་ས་ཁུལ་དུ་ས་གནས་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་ཚོས་ཁུལ་དེའི་དགོན་པ་འདྲ་མིན་ནས་དགེ་འདུན་པ་༤༢ ལ་ཆབ་མདོ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ཆོས་བྱེད་མི་སྣ་གསོ་སྐྱོང་འཛིན་གྲྭ་ཟེར་བ་འཚོགས་ནས་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་བཞིན་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཞེས་པའི་དྲ་རྒྱའི་སྟེང་གནས་ཚུལ་བཀོད་པ་ཞིག་ལུང་འདྲེན་བྱས་ནས བོད་གནས་ལྟ་ཞིབ་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཐབ་ཕྱོགས་གཅིག་གྱུར་དང་།  མི་རིགས་ཆོས་དོན་ལས་ཁུངས་ཟེར་བས་ཉེ་ལམ་ཏང་གི་ཚོགས་ཆེན་ ༡༩ ཐོག་བསྐྱར་བཅོས་བྱས་པའི་གལ་ཆེའི་སྲིད་བྱུས་ཁག་གཅིག་དང་། གུང་ཁྲན་རིང་ལུགས་ཀྱི་ལྟ་གྲུབ་སོགས་ཁྲིམས་ལུགས་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་པ་དང་། དགེ་འདུན་པ་དེ་དག་ཕྱིར་རང་གི་དགོན་པར་ཕེབས་མཚམས་དགོན་པའི་དགེ་འདུན་པ་གཞན་ཚོར་སློབ་གསོ་རྒྱ་སྐྱེད་གཏོང་དགོས་ཡོད་འདུག
རྒྱ་ནག་གཞུང་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་གྱི་བཀའ་ཁྱབ་ཨང་ ༥ ཟེར་བ་གཏན་འབེབས་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཇི་སྙེད་ཡོད་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་མཚན་ཐོ་དེབ་བསྐྱེལ་གནང་དགོས་པ་བཟོས་ཡོད་ལུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་འདུག
བོད་ཀྱི་དགོན་པ་ཕལ་མོ་ཆེར་རྒྱ་ནག་དབུས་གཞུང་གིས་བསྐོ་འཛུགས་བྱས་པའི་ “དམངས་གཙོ་བདག་གཉེར་ཁང་” ཟེར་བས་དགོན་པ་དེ་དག་ལ་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། ཚོགས་པ་དེའི་ནང་རྒྱ་ནག་གཞུང་ལ་དགའ་ཞེན་ཆེ་བའི་བོད་མིའི་གྲྭ་བཙུན་ཁག་གཅིག་དང་། ཏང་གི་ལས་བྱེད། དེ་བཞིན་སྲིད་གཞུང་གིས་ཡིད་ཆེས་བྱེད་སའི་ལས་བྱེད་པ་སོགས་ཡོད་པ་རེད་འདུག
ཡང་དེང་སྐབས་བོད་ས་ཡོངས་སུ་ཁྲིམས་ལུགས་སློབ་གསོའི་ལས་འགུལ་ཚ་འདེད་གཏོང་བཞིན་པ་ནི། རྒྱ་ནག་གུང་ཁྲན་ཏང་གིས་བོད་བརྒྱུད་ནང་བསྟན་ལ་སྔར་ལྷག་དབང་སྒྱུར་བྱེད་ཐབས་ཀྱི་དཔེ་མཚོན་ཞིག་ཡིན་པ་དང་། ལས་འགུལ་དེའི་ཐོག་ནས་གྲ་བཙུན་རྣམས་ལ་ཏང་དང་། རྒྱལ་ཁབ་ལ་ཤ་ཞེན་ཇི་ཙམ་ཡོད་མེད་རྟོག་ཞིབ་བྱེད་བཞིན་ཡོད་པ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎