བོད་ནང་ལྕགས་ལམ་འཛུགས་བསྐྲུན་ནི་མི་འབོར་སྤོ་ཤུགས་ཆེད་ཡིན་པའི་སྐྱོན་བརྗོད།


2018.11.28
མཚོ་བོད་ལྕགས་ལམ། མཚོ་བོད་ལྕགས་ལམ།
དྲ་བཤུས Chaoji

ཁྲིན་ཏུའུ་ནས་ལྷ་ས་བར་མགྱོགས་ཚད་མྱུར་བའི་ལྕགས་ལམ་འཛུགས་བསྐྲུན་ནི་རྒྱ་ནག་གི་མི་འབོར་སྤོ་ཤུགས་ཆེད་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་བྱས་འདུག
ཁྲིན་ཏུའུ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་མགྱོགས་ཚད་མྱུར་པོའི་ཐོག་ནས་བསྐྱོད་ཐུབ་པའི་མེ་འཁོར་ལྕགས་ལམ་བཟོ་འཆར་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་ཇེ་མང་དུ་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་འདུག
རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ནས་ལྷ་ས་བར་མགྱོགས་ཚད་མྱུར་པའི་མེ་འཁོར་ལྕགས་ལམ་བཟོ་འཆར་གྱི་ལས་གཞིའི་ཁོངས་ནས་ལྷ་ས་ནས་ཀོང་པོ་ཉིང་ཁྲིའི་བར་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་འགོ་འཛུགས་ཟིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་དྲིལ་བསྒྲགས་བྱེད་བཞིན་ཡོད་ཅིང་། ཁྲིན་ཏུའུ་ནས་ལྷ་ས་བར་གྱི་ཐད་བསྐྱོད་མེ་འཁོར་ལྕགས་ལམ་གྱི་ལས་འཆར་འདི་ནི་རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་བསྐྲུན་གྱི་ལས་འཆར་ཆེ་གྲས་ཤིག་ཡིན་པ་དང་། རིང་ཚད་སྤྱི་ལེ་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་རྩ་དགུ་ཙམ་དང་མ་གནས་རྒྱ་སྒོར་ཐེར་འབུམ་བརྒྱ་དང་ལྔའམ་ཨ་སྒོར་ཐེར་འབུམ་བཅོ་ལྔ་དང་ས་ཡ་ཉིས་བརྒྱ་ཙམ་གནས་ཀྱི་ཡོད་པ་རེད།  ལས་འཆར་དེས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གཏོང་རྒྱུ་མ་ཟད། བོད་ནང་རྒྱ་མིའི་མི་འབོར་སྤོ་ཤུགས་ཆེས་ཆེར་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་སྲིད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག རྒྱ་ནག་གཞུང་གི་ལས་འཆར་འདི་ནི་བོད་ཀྱི་ས་མཐོ་དང་། ས་བབས་ཀྱི་རང་བཞིན་ཐོག་ནས་འཛམ་གླིང་ནང་གི་མེ་འཁོར་ལྕགས་ལམ་བཟོ་ལས་ཁག་ཤོས་གྲས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
མཚོ་སྔོན་གོར་མོ་ས་གནས་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་ཤར་བསྐྱོད་ཀྱི་མེ་འཁོར་་ལྕགས་ལམ་ཞིག་ཡོད་མུས་ཁར་ད་དུང་རྒྱ་ནག་གཞུང་གིས་མ་འོངས་པར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡུན་ནན་ཞིང་ཆེན་གྱི་རྒྱལ་ས་ཁུན་མིང་དང་ཤར་ཏུར་ཀིས་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་དབར་ཐད་བསྐྱོད་མེ་འཁོར་ལྕགས་ལམ་བཟོ་རྒྱུའི་ལས་འཆར་ཡང་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎