མནཡེ་མར་ཡུལ་གྱི་དམག་ཤོག་སྒྲིག་འཛུགས་ཀྱིས་ཡུལ་དེའི་སྲིད་དབང་བཙན་འཕྲོག་བྱས་འདུག

2021.02.01
མནཡེ་མར་ཡུལ་གྱི་དམག་ཤོག་སྒྲིག་འཛུགས་ཀྱིས་ཡུལ་དེའི་སྲིད་དབང་བཙན་འཕྲོག་བྱས་འདུག མནཡེ་མར་ཡུལ་གྱི་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་(Aung San Suu Kyi)ལགས། ༡།༢༧།༢༠༢༡
AFP

མནཡེ་མར་དམག་ཤོག་སྒྲིག་འཛུགས་ཀྱིས་ལྕམ་ཨང་སན་སཱུ་ཆི་ལགས་གཙོས་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་གནད་ཡོད་མི་སྣ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་འདུག
ཚེས་༡་ཉིན་འབར་མའམ(Burma)་མནཡེ་མར་(Myanmar)དམག་ཤོག་སྒྲིག་འཛུགས་ཀྱིས་གློ་བུར་དུ་དེའི་སྲིད་དབང་སྟངས་འཛིན་དང་། མང་གཙོའི་ཚོགས་པའི་འགོ་ཁྲིད་ལྕམ་(Aung San Suu Kyi)གཙོས་པའི་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ནས་སྲིད་དབང་བཙན་འཕྲོག་བྱས་ཡོད་འདུག
ད་ལྟའི་ཆར་མནཡེ་མར་(Myanmar)གྲོང་ཁྱེར་ཆེ་ཁག་ནང་དམག་མིས་སྐོར་གཡེང་བྱེད་བཞིན་པ་དང་། ཕན་ཚུན་འབྲེལ་མཐུད་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད།

Aung-San-Suu Kyi-MYANMAR-POLITIC.jpeg

དམག་ཤོག་སྒྲིག་འཛུགས་ཀྱིས་བརྙན་འཕྲིན་བརྒྱུད་ཕྱིར་བསྒྲགས་བྱས་པར་གཞིགས་ན། མནཡེ་མར་(Myanmar)དམག་ཤོག་སྒྲིག་འཛུགས་ཀྱི་དམག་དཔོན་ཆེས་མཐོ་ཤོས་དེས་ད་ལྟ་སྲིད་དབང་བཟུང་ཡོད་ལ། ལོ་གཅིག་གི་རིང་རྒྱལ་ཡོངས་ཛ་དྲག་གི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུ་གསལ་བསྒྲགས་ཞུས་ཟིན་པ་རེད་ཅེས་བརྗོད་འདུག
གནས་སྟངས་འདི་ནི་ལྕམ་(Aung San Suu Kyi)གྱི་མང་གཙོའི་ཚོགས་པར་འོས་བསྡུའི་ནང་རྒྱལ་ཁབ་ཐོབ་པར་དམག་ཤོག་སྒྲིག་འཛུགས་ཀྱིས་དེ་ནི་གཡོ་ཟོལ་ཡིན་པ་བསྒྲགས་ཟིན་རྗེས་ཆགས་ཡོད་པ་རེད། ལྕམ་(Aung San Suu Kyi)གྱིས་རྒྱབ་སྐྱོབ་བ་ཚོར་དེ་འདྲར་ངོས་ལེན་ཞུ་རྒྱུ་མེད་པའི་ཁར། གྱེན་ལངས་ཤོག་ཁག་དེར་ངོ་རྒོལ་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།
ཨ་རིའི་ཕྱོགས་ནས་མནཡེ་མའི་དམག་ཤོག་སྒྲིག་འཛུགས་ཀྱི་བྱེད་སྟངས་དེར། དེ་ནི་གྱེན་ལངས་ཤོག་ཁག་གིས་ཉེ་བའི་འོས་བསྡུའི་གྲུབ་འབྲས་ལ་འགྱུར་བ་གཏོང་ཐབས་ཀྱི་ངོ་རྒོལ་གྱི་བྱ་སྤྱོད་ཞིག་ཡིན་པ་སྐྱོན་བརྗོད་དང་སྦྲགས། བཀག་ཉར་བྱས་པ་ཆ་ཚང་གློད་གྲོལ་གཏོང་དགོས་པ་དང་། ཨ་རིའི་ཕྱོགས་ནས་མནཡེ་མའི་མང་གཙོའི་ལམ་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་འདུག
དབྱིན་ཡུལ་གྱི་ཕྱོགས་ནས་མནཡེ་མའི་དམག་ཤོག་སྒྲིག་འཛུགས་དེ་ནི་གྱེན་ལངས་ཤོག་ཁག་ལ་ངོས་འཛིན་གྱིས། ད་རེས་ལྕམ་(Aung San Suu Kyi)བཙོན་འཇུག་བྱས་པ་དེ་ནི་ཁྲིམས་མཐུན་མིན་པའི་སྐྱོན་བརྗོད་བྱས་ལ་དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་ཀྱང་དེ་ལྟར་གཅིག་མཚུངས་སྐྱོན་བརྗོད་བྱས་འདུག
ཡང་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལྷན་ཚོགས་དང་། གཞན་བལ་ཡུལ་ནང་གི་ཚོགས་སྡེ་དང་མི་སྒེར་བཅས་ཁྱོན་༡༨༨ཡིས་ཐུན་མོང་གིས་མནཡེ་མའི་དམག་ཤོག་སྒྲིག་འཛུགས་དེས་མང་གཙོའི་ལམ་ལུགས་ལ་རྡོག་རོལ་བཏང་བར་སྐྱོན་བརྗོད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎