བོད་མིའི་ཚོགས་སྡེ་ཁག་ཅིག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

2022.06.20
བོད་མིའི་ཚོགས་སྡེ་ཁག་ཅིག་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
ཨེ་ཨེཕ་པི།

ཕྱི་ཟླ་༦ཚེས་༢༤ རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་ཚོགས་སྡེ་ཁག་ཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག བརྟན་བཞུགས་ཀྱི་མཛད་རིམ་རྣམས་དྲ་རྒྱའི་ཐོག་ནས་ཐད་གཏོང་གཟིགས་པའི་སྐབས་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་གི་སྒྲིག་གཞི་ལྟར་མི་དང་མིའི་བར་བར་ཁྱད་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། བརྟན་བཞུགས་ཀྱི་མཛད་རིམ་རྣམས་བོད་སྐད་དང་། རྒྱ་སྐད། འཇར་མན། ཝེཏ་ནམ། སོག་པོ། ར་ཤི་ཡ་བཅས་སྐད་ཡིག་ཁག་དེ་དག་ཐོག་ནས་གསན་གཟིགས་ཐུབ་རྒྱུའི་ཆ་རྐྱེན་ཡོད་པ་རེད།
ཕྱི་ཚེས་༢༤ ཉིན་བརྟན་བཞུགས་དངོས་གཞི་རྒྱ་གར་གྱི་སྔ་དྲོའི་ཕྱག་ཚོད་བརྒྱད་པ་ནས་དགུ་པ་བར་ཡིན་པ་དང་། བརྟན་བཞུགས་ཀྱི་མཛད་རིམ་གྱི་གནས་ཚུལ་ཞིབ་ཕྲ་༸སྐུ་སྒེར་དྲ་ཚིགས་www.dalailama.com/live ཞེས་པའི་ཐོག་གཟིགས་རྒྱུ་ཡོད་པ་རེད་འདུག
དེ་ནས་དཔལ་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བདུན་པའི་ཚེས་༨ ནས་༡༠ བར་ཉིན་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་འཁོར་ལོ་སྡོམ་པ་ལུ་ཧི་པའི་བཀའ་དབང་སྩལ་གནང་རྒྱུ་ལྟར། ཕྱི་ཚེས་༨ ཉིན་སྟ་གོན་དང་ཕྱི་ཚེས་༩ དང་༡༠ ཉིན་བཀའ་དབང་དངོས་གཞི་སྩལ་རྒྱུ་ཡིན་ཞིང་། བཀའ་དབང་ཞུ་བར་བཅར་མཁན་རྣམས་ཉིན་རེའི་ལུ་ཧེ་བདེ་མཆོག་དག་བསྐྱེད་ཉམས་ལེན་གནང་དགོས་པའམ་ཡང་ན་དག་པ་གསུམ་གྱི་རྣལ་སྦྱོར་ཉམས་ལེན་དགོས་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎