ཁ་བྲལ་རིང་ལུགས་པ་ཡིན་པའི་ཉེས་འཛུགས་བྱས་འདུག


2014.07.31
སྐུ་ཞབས་Ilham Tohtiལགས་ཀྱིས་རྒྱ་ནག་མི་རིགས་སློབ་ཆེན་དུ་ཆེད་ཁྲིད་གནང་བཞིན་པ། སྐུ་ཞབས་Ilham Tohtiལགས་ཀྱིས་རྒྱ་ནག་མི་རིགས་སློབ་ཆེན་དུ་ཆེད་ཁྲིད་གནང་བཞིན་པ།
AFP

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་མཁས་དབང་ཨིལྷམ་ཏོ་ཏི་Ilham Tohtiལ་ཁ་བྲལ་རིང་ལུགས་པ་ཡིན་པའི་ཉེས་འཛུགས་བྱས་འདུག
དེ་ཡང་སྐུ་ཞབས་Ilham Tohtiཁོང་སྔ་ལོ་སྤྱི་ཟླ་དང་པོའི་ནང་འཛིན་བཟུང་བཀག་ཉར་བྱས་པ་དེར་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཀྱང་། རེས་གཟའ་ལྷག་པའི་ཉིན་ཨོ་ལོ་མུ་ཆེ་Urumqi འབྲིང་རིམ་ཁྲིམས་ཁང་གིས་དོ་བདག་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་ཡོད་ལུགས་ཉེས་འཛུགས་བྱས་འདུག ཨིལྷམ་ཏོ་ཏི་ཡིས་པེ་ཅིན་ནང་གཙུག་ལག་སློབ་གྲ་ཞིག་གི་དཔལ་འབྱོར་སློབ་དཔོན་གནང་བའི་སྐབས་རྒྱ་ནག་གཞུང་གིས་གྲངས་ཉུང་ཡུ་གུར་ཁ་ཆེའི་མི་རིགས་ཐོག་འཛིན་པའི་སྲིད་བྱུས་པ་སྐྱོན་བརྗོད་འཛེམས་ཟོན་མེད་པ་གནང་ཡོད་པ་རེད། ཉེས་འཛུགས་འདི་བཞིན་ཤིན་ཅང་ནང་འཇིགས་སྐུལ་དྲག་སྤྱོད་པས་རང་བཙན་གྱི་འཐབ་རྩོད་ཀྱི་ལས་འགུལ་རིགས་ལ་དྲག་གནོན་བྱེད་པ་དང་དུས་མཚུངས་ཡིན་པ་དང༌། འཐབ་རྩོད་དེ་རིགས་ཤིན་ཅང་གི་ཕྱི་རོལ་དུའང་ཁྱབ་བརྡལ་འགྲོ་བཞིན་པ་རེད། དཔེར་ན་འདི་ལོ་ཕྱི་ཟླ་ལྔ་པའི་ནང་དྲག་སྤྱོད་པས་ཨུ་རུམ་ཅིར་ཡུལ་མི་༣༡རྐྱེན་ལམ་དུ་བཏང་བ་དང་། དེའི་གོང་ལ་ཕྱི་ཟླ་གསུམ་པའི་ནང་ལྷོ་ནུབ་གྱི་གྲོང་ཁྱེར་ཁུན་མིང་Kunmingནང་རི་ལའི་བབས་ཚུགས་སུ་ཡུལ་མི་༢༩གྲི་བཙུགས་ནས་དམར་བསད་བཏང་བ་རེད།
ཐོབ་ཐང་དོན་གཉེར་བ་ཚོས་དྲག་རྒོལ་དེ་རིགས་ཡོང་དགོས་དོན་ནི། རྒྱ་ནག་གིས་ས་གནས་ཡུལ་མིའི་རིག་གཞུང་དང་ཆོས་དད་རང་དབང་ལ་དྲག་གནོན་བྱེད་བཞིན་པ་དེ་ཡིན་ལུགས་འགྲེལ་བརྗོད་བྱེད་བཞིན་པའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཡུ་རོ་མཉམ་སྦྲེལ་གཉིས་ཀས་ཨིལྷམ་ཏོ་ཏིར་ཉེས་འཛུགས་བྱས་པ་དེར་སྐྱོན་བརྗོད་གནང་བ་ཆབས་ཆིག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཀྱང་དོ་བདག་གློད་བཀྲོལ་དགོས་ལུགས་གཏམ་བཤད་བྱས་འདུག ད་ལྟ་གནས་ཚུལ་གསར་དུ་ཐོན་གསལ་ལྟར་ན། ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མེ་རི་ཧརྥ་Marie Harfགྱིས་དོ་བདག་གློད་བཀྲོལ་དགོས་པའི་སྐུལ་དེད་གནང་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎