ཞིབ་འཇུག་ཚོགས་མིའི་འགྲན་རྩོད་ནང་རྒྱ་གར་ལ་རྒྱལ་ཁ་ཐོབ།
2011.11.23
༄༅༎རྒྱ་གར་དང་རྒྱ་ནག་གཉིས་པོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མིའི་རྒྱལ་ཁའི་འགྲན་རྩོད་ནང་རྒྱ་གར་ལ་མང་མོས་ཀྱི་རྒྱལ་ཁ་ཐོབ་ཏེ་ད་ཆ་རྒྱ་གར་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་ཡིན་པ་རེད།
ད་རེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་ཀྱི་འོས་བསྡུའི་འགྲན་རྩོད་ནང་རྒྱ་ནག་ཕམ་ཉེས་བྱུང་སྟེ། རྒྱ་གར་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དེ་ནི། འདས་པའི་མི་ལོ་༣༥ རྗེས་སུ་སླར་ཡང་རྒྱ་གར་ལ་ཕྱི་འབྲེལ་གྱི་ནུས་པ་བསྐྱར་གསོ་ཐུབ་པ་ཞིག་ཡིན་ཞིང༌། རྒྱ་གར་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཀྲང་ཡིན་ཕམ་ཉེས་བཏང་སྟེ། ད་ཆ་རྒྱ་གར་ནི་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་གི་གཏན་འཇགས་ཚོགས་མིར་གྱུར་ཡོད་པ་དང༌། ཚོགས་ཆུང་ནང་དུ་འོས་འདེམས་བྱུང་བའི་ཚོགས་མི་རྒྱལ་ཁབ་ཁག་གི་དུས་ཡུན་ནི་ལོ་ལྔ་ཡིན་ཞིང༌། ད་དུང་ལོ་ལྔའི་དུས་ཡུན་འཕར་འགྱང་བྱེད་ཀྱི་ཡོད་པ་དང༌། ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་དང་པའི་ཚེས་༡ ནས་ལོ་ལྔའི་དུས་ཡུན་གསར་པ་དེ་འགོ་འཛུགས་ཀྱི་ཡོད་པ་རེད།