ཆོས་ཞུ་བར་དེང་དུས་དང་མཐུན་པའི་ཕྱག་འཁྱེར་གནང་རྒྱུ།


2015.01.12

༧གོང་ས་མཆོག་གི་སྐུ་ཕྱ་དང་ཆོས་ཞུ་བར་སྟབས་བདེ་ཆེད་དེང་དུས་དང་མཐུན་པའི་ཆོས་ཞུ་ཕྱག་འཁྱེར་གནང་རྒྱུ་ཡིན་འདུག
དེ་ཡང་དེ་རིང་ཕྱི་ཟླ་༡པོའི་ཚེས་༡༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ཡན་ལག་འགན་འཛིན་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་༢༠༡༥ལོར་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩལ་སྐབས་ཆོས་ཞུ་བ་རྣམས་ལ་དེང་དུས་དང་མཐུན་པའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྩལ་སྐབས་རྒྱལ་བའི་སྐུ་ཕྱྭའི་ཆེད་དང་། ཆོས་ཞུ་བ་རྣམས་ལ་དཀའ་ངལ་མི་འཕྲད་རྒྱུའི་ཆེད་བདེ་སྲུང་བཀའ་བློན་དང་། དྲུང་ཆེ་རྣམ་གཉིས་ཀྱིས་ཕྱག་འཁྱེར་གསར་བཟོ་དགོས་སྐོར་ལམ་སྟོན་ཕེབས་དོན་ལྟར་བདེ་སྲུང་ཡན་ལག་དང་། ཕྱི་དྲིལ་རྩིས་འཁོར་སྡེ་ཚན་གཉིས་གོ་བསྡུར་གནང་སྟེ་ཆོས་ཞུ་བའི་ཕྱག་འཁྱེར་ལོ་གཅིག་རིང་གནང་རྒྱུ་ཕྱི་ལོ་༢༠༡༤ནས་འགོ་བཙུགས་གནང་བ་ཡིན་ལུགས་གསལ་སྟོན་གནང་འདུག ལྷག་པར་ཆོས་ཞུ་བའི་ཕྱག་འཁྱེར་སྔར་ལྷག་སྟབས་བདེ་ཡོང་ཆེད་དེང་དུས་ཀྱི་འཕྲུལ་རིག་ལག་རྩལ་དང་མཐུན་པའི་ Digitiseབཟོ་ཐབས་ཚོད་ལྟ་རིམ་པ་གནང་ནས་བདེ་སྲུང་བཀའ་བློན་མཆོག་གིས་བཀའ་འཁྲོལ་ལྟར། ཕྱི་ལོ་༢༠༡༥ཕྱི་ཟླ་༡ཚེས་༡༩ནས་འགོ་བཙུགས་ཏེ་ཐོག་མར་དགོན་སྡེ་གྲྭ་ཚང་དང་། ཚོགས་སྡེ་ཁག་གི་སེར་སྐྱ་རྣམས་ཐོ་འགོད་གནང་རྒྱུ་དང་། དེ་ནས་རིམ་བཞིན་མི་མང་རྣམས་ཐོ་འགོད་གནང་རྒྱུ་ཡིན་པ་གསུངས་འདུག དེ་སྔ་ཐོ་འགོད་ཟིན་པ་རྣམས་ནས་ཆོས་ཞུ་བའི་ཕྱག་འཁྱེར་ཨང་གྲངས་སམ་ཕྱག་འཁྱེར་རྙིང་པ་མཉམ་འཁྱེར་གྱིས་གསར་དུ་ཐོ་འགོད་གནང་དགོས་པ་དང་། ལོ་གཅིག་རིང་གི་གསུང་ཆོས་ཕྱག་འཁྱེར་ཞུ་མཁན་རྣམས་ནས་གསུང་ཆོས་ནམ་སྩལ་སྐབས་བདེ་སྲུང་ཡན་ལག་ལས་ཁུངས་སུ་བཅར་ནས་ངེས་པར་དུ་ཐོ་འགོད་དགོས་པ། གསུང་ཆོས་ཕྱག་འཁྱེར་དེ་རྡ་སར་གསུང་ཆོས་སྐབས་ཁོ་ནའི་ཆེད་དུ་ཡིན་པ་སོགས་གསུངས་འདུག་པ་དང་། ཕྱག་འཁྱེར་ཞུ་ཕྱོགས་ཆ་རྐྱེན་ཁག་གསལ་བཀོད་གནང་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎