ཧོང་ཀོང་ནང་ཆབ་སྲིད་བཅོས་བསྒྱུར་གྱི་རྩོད་གཞིའི་སྐོར།

ཧོང་ཀོང་གྲོས་ཚོགས་ཀྱི་ཕྱི་ལ་ངོ་རྒོལ་གནང་མཁན་དམངས་གཙོ་དོན་གཉེར་ཅན་དང་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དབར་འཐབ་རྩོད།

2010.06.23

༄༅༎དེ་རིང་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་ཚོས་རྒྱ་ནག་གི་མངའ་ཁུལ་ཧོང་ཀོང་ནང་ཆབ་སྲིད་བཅོས་སྒྱུར་ཐོག་ཚོད་འཛིན་བྱ་རྒྱུའི་རྩོད་གཞི་ཅན་གྱི་འཆར་གཞིའི་སྐོར་གྲོས་མོལ་གནང་བཞིན་པའི་སྐབས་དེར་མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱིས་ངོ་རྒོལ་སྐད་འབོད་ཤུགས་ཆེ་རྒྱབ་འདུག

ཧོང་ཀོང་གི་འཛིན་སྐྱོང་ཐད་མང་ཚོགས་ལ་དབང་ཆ་ཆེ་བ་ཐོབ་རྒྱུའི་འཆར་གཞི་ལག་བསྟར་གནང་མིན་ཐད་གྲོས་ཚོགས་ནང་འཐུས་མི་ཕན་ཚུན་དབར་བདུན་ཕྲག་འགའ་ཤས་རིང་རྩོད་གླེང་གནང་ཡོད་པ་དང་ དེ་རིང་ཧོང་ཀོང་གྲོས་ཚོགས་ཀྱི་ཕྱི་ལ་ངོ་རྒོལ་གནང་མཁན་དམངས་གཙོ་དོན་གཉེར་ཅན་དང་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དབར་འཐབ་རྩོད་འགོག་ཐབས་སུ་གྲོས་ཚོགས་ཀྱི་མཐའ་སྐོར་ཉེན་རྟོག་པས་སྲུང་ཆ་དམ་པོ་བྱེད་བཞིན་ཡོད་པ་རེད།

གོང་ཞུས་ཚོད་འཛིན་གྱི་ཆབ་སྲིད་བཅོས་སྒྱུར་གཏོང་རྒྱུའི་འཆར་གཞི་དེ་ཧོང་ཀོང་གྲོས་ཚོགས་འཐུས་མི་ཚོད་གཏན་འབེབས་གནང་སྲིད་པ་ཞིག་ཡིན་ནའང་ འཆར་གཞི་དེར་ངོ་རྒོལ་གནང་མཁན་ཚོས་འཆར་གཞི་དེ་རན་འཚམ་ཞིག་མིན་པ་དང་མི་འབོར་ས་ཡ་བདུན་གནས་སྡོད་བྱེད་སའི་ཧོང་ཀོང་ས་གནས་ལ་དམངས་གཙོའི་ཐོབ་ཐང་ཆ་ཚང་བ་ཞིག་དགོས་རྒྱུའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།

དམངས་གཙོར་རྒྱབ་སྐྱོར་གནང་མཁན་ཧོང་ཀོང་གྲོས་ཚོགས་ཀྱི་འཐུས་མི་ལི་ཆཀ་ཡན་གྱིས་ ཧོང་ཀོང་གི་དཔོན་རིགས་ནས་ཆབ་སྲིད་བཅོས་སྒྱུར་གྱི་འཆར་གཞི་དེ་གཏན་འབེབས་བྱུང་བ་ཡིན་ན་ཧོང་ཀོང་གི་ལོ་རྒྱུས་ནང་གི་གལ་ཆེའི་འབྱུང་བ་ཞིག་ཆགས་རྒྱུ་ཡིན་སྐོར་གསུང་གི་ཡོད་ནའང་ ཧོང་ཀོང་མང་ཚོགས་ལ་གནད་དོན་དེའི་ཐད་གོ་བསྡུར་གནང་མི་དགོས་པ་ག་རེ་ཡིན་ནམ་ཞེས་སྐྱོན་བརྗོད་དང་སྦྲགས་ རྒྱ་ནག་གཞུང་གིས་བཀོད་ཁྱབ་འོག་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཆབ་སྲིད་བཅོས་སྒྱུར་གྱི་འཆར་གཞི་དེ་གཏན་འབེབས་བྱ་རྒྱུར་བྲེལ་འཚུབ་བྱེད་བཞིན་ཡོད་སྐོར་གྲོས་ཚོགས་འཐུས་མི་ལི་ཡིས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎