ལྕམ་སྐུ་ཨིམྚི་རུཌི་ བེ་གྷར་དགོངས་པ་རྫོཊ་པར་ཐུགས་ཕམ་གནང་འདུག


2014.10.04
ལྕམ་སྐུ་ཨིམྚི་རུཌི་ བེ་གྷར་དགོངས་པ་རྫོགས་ཡོད་པ། ༢༠༡༣ཟླ་༤ཚེས་༩ཉིན་ཇར་མ་ནིའི་གྲོང་ཁྱེར་མུ་ནིཀ་ཡི་གནམ་ཐང་དུ་༸གོང་ས་མཆོག་དང་ ཇརྨ་ཎིའི་ ལྩམ་སྐུ་ ཨིམྚི་རུཌི་ ཝེ་གྷར་(Imtraut Wager) མཇལ་འཕྲད་གནང་བཞིན་པ།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཐེངས་འདིའི་བུད་མེད་ཀྱི་ལེ་ཚན་ནང་།   བཙན་བྱོལ་བོད་མིའི་ཤེས་ཡོན་དང་བདེ་དོན་ཆེད་སྐུ་ཚེ་ཧྲིལ་པོའི་རིང་རོགས་སྐྱོར་གནང་མཁན་ཨ་མ་Wager ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་བོད་མི་རྣམས་ཀྱིས་ཐུགས་ཕམ་ཆེན་པོ་གནང་བཞིན་ཡོད་པའི་གནས་ཚུལ་དང་འབྲེལ་བའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།

 

༄༅། །༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་ཤེས་ཡོན་དང་བདེ་དོན་ལ་རོགས་རམ་གནང་མཁན་ ཇརྨ་ཎིའི་ ལྩམ་སྐུ་  ཨིམྚི་རུཌི་ ཝེ་གྷར་(Imtraut Wager) དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོ་གནང་འདུག
བོད་མི་སྤྱི་ཚོགས་ནང་  ཨ་མ་ ཝེ་གྷར་ཞེས་ཡོངས་སུ་གྲགས་པ་དགུང་གྲངས་༩༥ལ་ཕེབས་པ་དེ། ཟླ་འདིའི་ཚེས་གཉིས་ཉིན་མུ་ནིཀ(Munich) གྲོང་ཁྱེར་ནང་དགོངས་པ་རྫོགས་ཡོད་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་དེ་ཉིད་ཀྱི་ནང་མི་དང་གྲོགས་པོ་དེ་བཞིན་ལས་རོགས་ཚོར་ཐུགས་གསོའི་ཕྱག་བྲིས་བསྩལ་བའི་ནང་།  ཨ་མ་ཝེ་གྷར་འདས་གྲོངས་སུ་གྱུར་པར་ཐུགས་ཕམ་ཆེན་པོ་བྱུང་བ་དང་རང་གི་མི་ཚེ་མ་རྫོགས་བར་དུ་ཉམ་ཐག་བོད་མའི་བདེ་དོན་སྙིང་ཁོངས་སུ་བཅང་མཁན་གྲོགས་མཆོག་ཞིག་བརླག་པ་རེད་ཅེས་གསུངས་གནང་འདུག། ཡང་༸གོང་ས་མཆོག་གིས་བོད་མི་བཙན་བྱོལ་བ་རྒན་གཞོན་ཚང་མར་གཏོང་ཕོད་ཆེན་པོས་རོགས་སྐྱོར་གནང་མཁན་གྲས་ནས་ ཨ་མ་ཝེ་གྷར་ ཕལ་ཆེར་དམིགས་བསལ་ཅན་ཞིག་རེད། ཁོང་རང་ཉིད་གཏོང་ཕོད་ཅན་ཞིག་ཡིན་པ་དང་ ཇརྨེ་ཎིའི་མེ་སྒེར་བ་མང་དག་ཅིག་གི་རོགས་རམ་འཚོལ་སྒྲུབ་ཀྱིས་དགོས་གལ་ཆེ་ཤོས་ཡོད་སར་དམིགས་གཏོང་གནང་བ་མ་ཟད་རོགས་རམ་གནང་ཡུལ་རྒྱ་གར་དང་བལ་ཡུལ་ནང་བོད་མིའི་གཞིས་ཆགས་ཁག་ནང་དངོས་སུ་ཕེབས་ནས་གཟིགས་རྟོག་གནང་ཡོད་པའི་སྐོར་གསུངས་གནང་བ་དང་སྦྲགས་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུའི་ཞལ་བཞེས་གནང་འདུག༎

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎