༸གོང་ས་མཆོག་ནས་རྡོ་རྗེ་གདན་དུ་གསུང་ཆོས་བསྩལ་རྒྱུ།

༸གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་གུ་ཇུ་རཏ་དང་གནས་མཆོག་རྡོ་རྗེ་གདན་བཅས་སུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།

2010.01.02

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་དང་པོའི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཞལ་བསྒྱུར་གནང་མཛད་སྟེ་རྒྱ་གར་གྱི་མངའ་སྡེ་གུ་ཇུ་རཏ་དང་གནས་མཆོག་རྡོ་རྗེ་གདན་བཅས་སུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་གསུམ་ཉིན་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་གུ་ཇུ་རཏ་གྱི་ས་གནས་པ་ལི་ཏ་ནའི་ནང་ཡོད་པའི་ཇཱེན་ཆོས་ལུགས་ཀྱི་དགོན་པ་ཞིག་གི་ནང་ཆོས་ཕྱོགས་རྟེན་འབྲེལ་གྱི་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་ཅིང་དེ་རྗེས་ཇཱེན་ཆོས་ལུགས་རྗེས་འབྲངས་པ་རཏ་ན་ནི་རྡི་ཐེབས་རྩ་ལས་ཁང་གིས་པ་ལི་ཏ་ནའི་ས་གནས་དེའི་ནང་ཆོས་ལུགས་དང་རིགས་རུས་འདྲ་མིན་ནས་ཡིན་པའི་དབང་པོ་སྐྱོན་ཅན་མི་གྲངས་ཉི་ཁྲི་ལྔ་སྟོང་ཙམ་ལ་བལྟ་རྟོག་དང་གསོ་སྐྱོང་བྱ་ཡུལ་ཞིག་ཡོད་པ་དེར་ཞབས་བཅགས་རྒྱུ་ཡིན་འདུག།

དེ་གྲུབ་རྗེས་ཕྱི་དྲོ་ཇཱེན་ཆོས་ལུགས་ཀྱི་དགེ་འདུན་པ་ཁག་གཅིག་དང་ལྷན་དུ་ནང་ཆོས་དང་ཇཱེན་དབར་ཕན་ཚུན་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་གི་ལས་རིམ་ཞིག་གི་ནང་ལྷན་ཞུགས་གནང་རྒྱུ་ཡིན་ཞིང་དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་ཉིན་གྲངས་ལྔའི་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་ཀློང་ཆེན་རིན་པོ་ཆེས་མཛད་པའི་སེམས་ཉིད་ངལ་གསོ་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་བཅས་ཀྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།

གནས་མཆོག་རྡོ་རྗེ་གདན་གྱི་ཆིབས་བསྒྱུར་གྲུབ་རྗེས་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར་དང་དེ་ནས་གྲོང་ཁྱེར་སྦ་རོ་ཌའི་ནང་ཡོད་པའི་མ་ཧ་ར་ཇ་ས་ཡ་ཇི་རའོ་མཐོ་རིམ་སློབ་གྲྭའི་ནང་ཕྱི་ཚེས་བཅོ་ལྔ་ཉིན་ཚུགས་གཏན་འཁེལ་བའི་རྒྱལ་སྤྱིའི་ནང་ཆོས་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཞབས་སོར་འཁོད་མཛད་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎