ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ།
2015.12.06

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་༡༢་ཚེས་༦ཉིན་རྒྱ་གར་ལྷོ་ཕྱོགས་འབེང་ལོར་གྲོང་ཁྱེར་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཡན་ལག་ལས་ཁུངས་ཁག་གི་སྐུ་ཚབ་རྣམ་པ་གཙོས་པའི་རྒྱ་གར་བ་ཆིག་སྟོང་ཙམ་ལ་བྱམས་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩལ་གནང་བཞག དེ་བཞིན་ཨེ་ཤེ་ཡ་དང། ཨ་རབ། ཀར་ཎ་ཊ་ཀ་ནང་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཚོས་གོ་སྒྲིག་ཞུས་པའི་ཞི་བདེའི་ཆེད་དཔལ་འབྱོར་ལྷན་ཚོགས་ཞེས་པའི་ལྷན་ཚོགས་ཀྱི་དབུ་འབྱེད་༸གོང་ས་མཆོག་གིས་གནང་ཡོད་པ་དང་དེ་བཞིན་༸གོང་ས་མཆོག་གིས་ལྷན་ཚོགས་བཀའ་སློབ་གནང་བའི་གནས་ཚུལ་འདུག ཞིབ་གསལ་རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།གསར་འགོད་པ་པདྨ་དངོས་གྲུབ།