ཕ་དམ་པ་སངས་རྒྱས་ཀྱི་དགོན་པ་གསར་བཞེངས་ཀྱི་རྨང་གཞི་གཏིང་འདུག


2018.06.26
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ལྷོ་གྲོང་གསེབ་ནང་ཕ་དམ་པ་སངས་རྒྱས་ཀྱི་དགོན་པ་གསར་བཞེངས་རྨང་གཞི་གཏིང་སྐབས། ༢༠༡༨།༦།༢༥ ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ལྷོ་གྲོང་གསེབ་ནང་ཕ་དམ་པ་སངས་རྒྱས་ཀྱི་དགོན་པ་གསར་བཞེངས་རྨང་གཞི་གཏིང་སྐབས། ༢༠༡༨།༦།༢༥
Mon Tawang Vigilance/FB

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ལྷོ་གྲོང་གསེབ་ནང་ཕ་དམ་པ་སངས་རྒྱས་ཀྱི་དགོན་པ་གསར་བཞེངས་རྨང་གཞི་གཏིང་བའི་མཛད་སྒོ་དབུ་འབྱེད་གནང་འདུག
དེ་ཡང་(Mon Tawang Vigilance)ཞེས་པའི་མངའ་ཁུལ་དེའི་སྤྱི་ཚོགས་དྲ་རྒྱའི་གསར་འགྱུར་ནང་གནས་ཚུལ་བཀོད་ཐོན་བྱུང་བར་གཞིགས་ན། ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་ལྔ་སྟེ་རེས་གཟའ་ཟླ་བའི་ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ལྷོ་གྲོང་གསེབ་ནང་དེ་སྔ་དུས་རབས་བཅུ་པའི་ནང་མཚན་སྙན་གྲགས་ཆེན་པོ་བྱུང་བའི་ཕ་དམ་པ་སངས་རྒྱས་ཞུ་པ་རྒྱ་གར་ནས་བོད་ལ་ཕེབས་པའི་སྐབས་མོན་ཡུལ་གྱི་ལྷོ་གྲོང་གསེབ་བརྒྱུད་ནས་ཕེབས་པ་མ་ཟད། ས་གནས་འདིར་ཞབས་ལྕགས་ནས་ཆོས་འབྲེལ་གནང་བའི་ལོ་རྒྱུས་ཡོད་པ་བཅས་ལ་བརྟེན་ཁོང་གི་བཀའ་དྲིན་རྗེས་དྲན་ཚུལ་དུ་གྲོང་གསེབ་དེར་ཁོང་གི་སྐུ་བརྙན་ཕི་ཀྲི་དྲུག་ཅན་ཞིག་ནང་རྟེན་དུ་ཡོད་པའི་དགོན་པ་ཞིག་གསར་རྒྱག་ཞུ་རྒྱུའི་བཙིགས་རྨང་གཏིང་བའི་མཛད་སྒོ་དབུ་འབྱེད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པད་མ་མཁའ་འགྲོ་ལགས་ནས་གནང་ཡོད་འདུག
གོང་ཞུས་སྐུ་བརྙན་འདི་བཞིན་རི་རྒྱ་ལྷ་འོད་རིན་པོ་ཆེ་མཆོག་ནས་ཐུགས་འགན་བཞེས་ནས་བཞེངས་པ་ཞིག་ཡིན་འདུག་ལ་མཛད་སྒོིའི་ཐོག་རིན་པོ་ཆེ་མཆོག་གི་རྩོམ་བྲིས་གནང་བའི་རང་གི་ཕ་མར་བཀྲིན་རྗེས་དྲན་ཞུ་ཕྱོགས་ཀྱི་ལམ་སྟོན་ཞེས་པའི་ཕྱག་དེབ་ཞིག་ཀྱང་སྐབས་དེར་མཛད་སྒོའི་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་(Kiren Rijiju) མཆོག་ནས་དབུ་འབྱེད་གནང་ཡོད་འདུག
དེའི་གོང་ས་གནས་དེའི་ནང་འཛུགས་སྐྲུན་ལས་གཞི་ཁག་ཅིག་གསར་རྒྱག་གནང་རྒྱུའི་རྨང་གཞི་གཏིང་བའི་དབུ་འབྱེད་ཀྱང་གནང་ཡོད་འདུག ཐེངས་འདིའི་གལ་ཆེའི་མཛད་སྒོ་ཁག་གི་ཐོག་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་དང་སྤྱི་ཁྱབ་བློན་ཆེན་མཆོག་གི་ལྷན་དུ་གྲོས་ཚོགས་ལས་དོན་ཚོགས་ཆུང་གི་དྲུང་ཆེ་དང་རྟ་དབང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཚེ་རིང་བཀྲིས་ལགས་ཀྱང་མཉམ་བཅར་ཞུས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎