༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་སྐབས། བོད་ནང་གི་བོད་མི་ཚོ་དང་རྒྱ་རིགས་གྲོགས་པོ་ཚོར་དམིགས་འོག་ཏུ་གཙོ་བོར་བཅུག་ཡོད་པར་བཀའ་སྩལ་པ།

2022.06.01
༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་སྐབས། བོད་ནང་གི་བོད་མི་ཚོ་དང་རྒྱ་རིགས་གྲོགས་པོ་ཚོར་དམིགས་འོག་ཏུ་གཙོ་བོར་བཅུག་ཡོད་པར་བཀའ་སྩལ་པ།
OHHDL

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ས་ག་ཟླ་བའི་སྐབས་དང་བསྟུན། བོད་མི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་དབུ་འཛུགས་གནང་སྐབས། ༧གོང་ས་མཆོག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་དང་འབྲེལ། “འདི་གར་དངོས་སུ་ཡོད་པ་ཚོ་ཨ་ཅང་ཅང་བརྗོད་མེད་ཐོག། བོད་ནང་གི་རྒྱ་ཆེའི་མི་དམངས་མཐའ་གཅིག་ཏུ་དད་དམ་གཡོ་བ་མེད་པར་ཡོད་པ་ཚོ་དམིགས་འོག་ཏུ་གཙོ་བོར་བཅུག་ཡོད་པ་དང་། དེ་ནས་རྒྱ་རིགས་གྲོགས་པོ་ཚོ་ཡང་དམིགས་འོག་ཏུ་བཅུག་ནས་དབང་གནང་རྒྱུ་ཡིན་པ།” བཀའ་སྩལ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཀྱི་ལམ་ནས་ནང་ཆོས་ངོ་སྤྲོད་ཕེབས་ཏེ། སོ་སོའི་མི་ཚེ་སྐྱེལ་ཐབས་སོགས་སུ་མཚན་ཉིད་རིག་པའི་རིགས་ལམ་གྱིས་ཕན་ཐོགས་ཆེན་པོ་ཡོད་པས། ནང་པ་དང་ཆོས་པ་ཡིན་དགོས་དོན་མེད་པར་གཞོན་སྐྱེས་ཚོས་རིགས་ལམ་སྦྱང་དགོས་པ་བཀའ་གནང་གི་འདུག
རྡ་རམ་ས་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་གོ་སྒྲིག་གནང་བ། ༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་དེར། རྡ་རམ་ས་ལའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ཤར་ནུབ་རྒྱལ་ཁབ་ཁག་འདྲ་མིན་ནས་ཡོང་བའི་གཞོན་སྐྱེས་ཉུང་ཙམ་ཞིག་དང་། རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་མང་པོ་བསྡོམས་པའི་གཞོན་སྐྱེས་ ༣༥༠༠ ཡས་མས་འཛོམས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
སློབ་ཕྲུག་བསྟན་འཛིན་ཆོས་འཛིན་ལགས་ནས། ༧གོང་ས་མཆོག་གིས་ལམ་སྟོན་ཕེབས་པ་བཞིན་བོད་མི་གཞོན་སྐྱེས་ཚོས་སོ་སོའི་སྐད་ཡིག་སློབ་གཉེར་བྱ་གལ་ཆེ་བའི་འབོད་སྐུལ་དང་ཆབས་ཅིག། ནང་ཆོས་ངོ་སྤྲོད་ལ་ཞུགས་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང་བ་འགྲེལ་བརྗོད་གནང་གི་འདུ
གཞན་ཡང་སློབ་ཕྲུག་ངག་དབང་ཀླུ་སྒྲུབ་ཚེ་རིང་ལགས་ནས། བོད་མིའི་སྤྱི་ཚོགས་ནི་ཆུང་ཆུང་དང་མི་འབོར་ཉུང་ཉུང་ཡིན་པས། རིམ་པས་ནང་ཆོས་ཉམས་ཆག་གི་ཉེན་ཁ་ཡོད་པར་བརྟེན། ནང་ཆོས་ངོ་སྤྲོད་འདི་འདྲ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
༧གོང་ས་མཆོག་གི་བཀའ་ཆོས་འདིར་མི་རིགས་སྣ་ཚོགས་ཀྱི་མི་མང་སྟོང་ཕྲག་མང་པོ་བཅར་གནང་ཡོད་པ་མ་ཟད། ལྷག་པར་སློབ་ཕྲུག་ཚོ་མང་པོ་ཡོད་པར་ཆེད་དམིགས། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་སྐུ་སྒེར་དྲུང་ཆེ་ཡང་སྟེང་རིན་པོ་མཆོག་གཉིས་ནས། མུ་མཐུད་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་བསྐྱངས་ཡོད་པ་དང་། གསུང་ཆོས་ཉིན་གཉིས་པར་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་གནང་གཏན་ཁེལ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎