ཌལ་ཧོར་ལྔ་བཅུའི་དུས་དྲན།


2013.04.25
ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན།
དུས་དྲན་དང་འབྲེལ་བའི་དྲ་གནས།

༄༅།    །རྒྱ་གར་གྱི་Himachal མངའ་སྡེའི་ནང་ཆགས་པའི་ཌལ་ཧོར་བོད་མིའི་གཏན་འཇགས་སློབ་གྲྭ་དེ་བཞིན་༡༩༦༣ལོར་ཐོག་མར་གསར་འཛུགས་གནང་སྟེ། ད་ཆ་ལོ་ལྔ་བཅུ་ཧྲིལ་པོ་འཁོར་གྱི་ཡོད་པ་བཞིན།  ཟླ་བ་འདིའི་ཚེས་༢༨ནས་༣༠བར་ཉིན་གྲངས་གསུམ་རིང་གཏན་སློབ་དབུ་བརྙེས་ནས་ལོ་༥༠འཁོར་བའི་དུས་དྲན་ཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུའི་གྲ་སྒྲིག་ཞུ་བཞིན་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཌར་ཧོར་གཏན་སློབ་ཀྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར།  ཕྱི་ཚེས་ ༢༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཌལ་ཧོར་གཏན་སློབ་ཏུ་ཞབས་གསོར་འཁོད་རྒྱུ་ཡིན་པ་རེད། དེ་ཁུལ་གོང་ས་མཆོག་གི་མཛད་འཆར་ནང་། ཚེས་༢༧ཉིན་བཀའ་ཆོས་བསྩལ་རྒྱུ་དང་། ས་གནས་མཐུན་ཚོགས་དང་སློབ་ཟུར་རྣམས་ནས་༧གོང་ས་མཆོག་ལ་བཀའ་དྲིན་གཏང་རག་གི་མནྜལ་འབུལ་ལམ་ཞུ་རྒྱུ་མ་ཟད། ༧གོང་ས་མཆོག་ནས་སློབ་ཟུར་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་རྒྱུ་ཡིན་འདུག  ཕྱི་ཚེས་ ༢༨ ཉིན་དངོས་གཞིའི་མཛད་སྒོའི་སྐབས་༸གོང་ས་མཆོག་གིས་ཌལ་ཧོར་སློབ་གྲྭ་དབུ་བརྙེས་ནས་་ལོ་ལྔ་བཅུ་འཁོར་བའི་དྲན་རྟེན་དུས་དེབ་དབུ་འབྱེད་མཛད་རྒྱུ་ཡིན་འདུག  ལྔ་བཅུའི་དུས་དྲན་གྱི་མཛད་སྒོ་དེའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།    བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་ཕེབས་ཞུགས་དང་འབྲེལ་གསུང་བཤད་གནང་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎