༧གོང་ས་མཆོག་གིས་ཧྥ་རན་སིར་ཆོས་འབྲེལ་རྒྱ་ཆེར་སྐྱོང་བཞིན་པ།


2016.09.19
༧གོང་ས་མཆོག་གིས་སུ་ཌ་སེ་སྦོག་ཏུ་དད་ལྡན་པ་སྟོང་ཚོ་མང་པོར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་སྐབས། ༢༠༡༦།༩།༡༦ ༧གོང་ས་མཆོག་གིས་སུ་ཌ་སེ་སྦོག་ཏུ་དད་ལྡན་པ་སྟོང་ཚོ་མང་པོར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་སྐབས། ༢༠༡༦།༩།༡༦
Olivier Adam

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སུ་ཌ་སེ་སྦོག་ཏུ་དད་ལྡན་པ་སྟོང་ཚོ་མང་པོར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༨་ཉིན་ཧྥ་རན་སིའི་གྲོང་ཁྱེར་སུ་ཌ་སེ་སྦོག་ཏུ་དད་ལྡན་པ་སྟོང་ཚོ་མང་པོར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་བ་དང་། དུས་མཚུངས་ཆོས་ཞུ་བ་རྣམས་ལ་དབང་ཞུས་པའི་རྗེས་སུ་ཉམས་ལེན་གནང་དགོས་པའི་སྐོར་བཀའ་སློབ་གནང་འདུག
༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་འབྲེལ་བའི་ངོ་སྤྲོད་ནང་། སྤྱན་རས་གཟིགས་ཀྱི་བཀའ་དབང་དེ་རྙིང་མའི་ཆོས་བརྒྱུད་ཀྱི་གཏིང་ཟབ་པའི་གསང་སྔགས་ཀྱི་ཉམས་ལེན་གཞིར་བཞག་དང་། རྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་གསང་བའི་ཕྱག་ལེན་གནང་བའི་དགོངས་དོན་ལྟར་གྱི་བཀའ་དབང་ཡིན་པའི་སྐོར་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསང་སྔགས་ཀྱི་བཀའ་དབང་དེ་རྒྱལ་པོ་སྟག་བྲག་རིན་པོ་ཆེ་ནས་ཐོབ་གནང་བ་དང་། སྐབས་དེ་དུས་ཐུགས་སྣང་ཆེན་པོ་གནང་མེད་ཀྱང་༧གོང་ས་མཆོག་ལ་གཟིགས་ལམ་འཆར་བའི་ཉམས་མྱོང་བྱུང་བའི་སྐོར་ངོ་སྤྲོད་གནང་འདུག
དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྙིང་མའི་ཆོས་བརྒྱུད་ཀྱི་ཐེག་པ་རིམ་པ་དགུ་ཡོིད་པ་དང་། ཐེག་པ་དགུའི་ནང་ཕྱིའི་ཐེག་པ་གསུམ་དང་ནང་གི་ཐེག་པ་་གསུམ། གསང་བའི་ཐེག་པ་བཅས་དགུ་ཡོད་པའི་ནང་ནས་འཕགས་པ་སྤྱན་རས་
གཟིགས་ཀྱི་བཀའ་དབང་དེ་མ་ཧ་ཡོ་ག་རྣལ་འབྱོར་ཆེན་པོའི་ཐེག་པ་གཞི་བཟུང་གི་ཐོག་ནས་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག
སྟོང་ཉིད་ཀྱི་གོ་རྟོགས་དེ་ཐེག་པ་དགུ་པོ་ཚང་མ་ལ་དགོས་པའི་སྐོར་དང་། བཀའ་དབང་ཞུས་པའི་རྗེས་སུ་སློབ་མ་རྣམས་ཀྱིས་ཉམས་ལེན་གནང་དགོས་པའི་སྐོར་བཀའ་ནན་པོ་གནང་འདུག། དེ་ནས་གྲོང་ཁྱེར་དེ་ཉིད་དུ་ཉིན་དགུང་གི་གསོལ་སྟོན་གྲུབ་མཚམས་སུ་མི་མང་འདུ་འཛོམས་ཐོག་མི་ཚེའི་དགོས་པ་གཙོ་བོ་བདེ་སྐྱིད་ཡིན་པ་དང་། རེ་བ་ནི་འགྲོ་བ་མིའི་འཚོ་གནས་ཀྱི་གཞི་རྟེན་ཡིན་པ་དང་། འཛམ་གླིང་ནང་འགྲོ་བ་མི་ཐེར་འབུམ་བདུན་ཚང་མ་བྱམས་སེམས་སྐྱེ་རྒྱུའི་ནུས་པ་ཡོད་པའི་སྐོར་བཀའ་སློབ་ལམ་སྟོན་གནང་འདུག
དེ་ནས་ཚོགས་བཅར་ཁག་གི་དྲི་བ་ཕུལ་བའི་བཀའ་ལན་ནང་ཤེས་ཡོན་དང་ཞི་བདེ་གཉིས་འབྲེལ་བ་ཡོད་པ་དང་། ཞི་བདེའི་ཆེད་ཤེས་ཡོན་གལ་ཆེན་ཡིན་པའི་སྐོར་བཀའ་ལན་གནང་འདུག།
༧གོང་ས་མཆོག་གིས་ཧྥ་རན་སིའི་ནང་གི་མཛད་རིམ་ཁག་གྲུབ་མཚམས་སུ་ཕྱི་ཚེས་༢༠་ཉིན་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཊི་Poland་ལ་ཕེབས་རྒྱུ་ཡིན་པ་རེད་འདུག།

གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎