བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག

2024.05.14
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་སྐབས། ༠༥།༡༠།༢༠༢༤
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༥བའི་ཚེས་༡༠ཉིན་རྒྱ་གར་གྱི་གཏམ་བརྗོད་འཁྲབ་སྟོན་པ་དང་གློག་བརྙན་འཁྲབ་སྟོན་པ་(Rajit Kapur)་ལགས་གཙོས་(Nadir Khan)་ལགས་དང་། (Shernaz Patel)་ལགས་བཅས་ལ་མཇལ་ཁ་བསྩལ་གནང་འདུག་ལ། (Rajit Kapur)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ང་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མཇལ་ཁ་ཐོབ་རྗེས་བྱིན་རླབས་ཆེན་པོ་བྱུང་བའི་ཚོར་བ་བྱུང་བ་ངོ་སྤྲོད་གནང་བྱུང་།
ད་རེས་ཁོང་རྣམ་པ་བོད་ཀྱི་གཏམ་བརྗོད་ཚན་པའི་བོད་ཀྱི་གཏམ་བརྗོད་ཁང་གསར་རྒྱག་ལེགས་འགྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་པ་དང་། སྤྱི་ཟླ་༥བའི་ཚེས་༩ཉིན་བོད་ཀྱི་གཏམ་བརྗོད་ཁང་གསར་རྒྱག་ལེགས་འགྲུབ་ཀྱིས་དབུ་འབྱེད་གནང་བའི་ཚོགས་ཁང་དེ་ཚེ་འདས་(Nilofar Sagar)་ལགས་ཀྱི་དྲན་རྟེན་དུ་(Nilofar)་དྲན་རྟེན་ཚོགས་ཁང་ཞེས་མིང་བཏགས་འདུག ཁོང་ནི་རྒྱ་གར་གྱི་གཏམ་བརྗོད་འཁྲབ་མཁན་གྲགས་ཅན་ཞིག་ཡིན་པ་དང་ཁོང་དགོངས་པ་རྫོགས་པའི་རྗེས་ཁོང་གི་ཨ་མ་ལགས་(Dolly Sagar)་ལགས་ཀྱིས་ཁོང་གི་མཚན་ཐོག་དུ་བོད་ཀྱི་གཏམ་བརྗོད་ཚན་པ་ལ་རོགས་རམ་གནང་ཡོད་པ་དང་། དེ་དང་མཉམ་(Rajeet Kapur)་ལགས་ཀྱིས་ཀྱང་བོད་ཀྱི་གཏམ་བརྗོད་ཁང་གསར་རྒྱག་ཆེད་དཔལ་འབྱོར་གྱི་རོགས་རམ་གནང་ཡོད་པ་བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ཀྱི་གཏམ་བརྗོད་ཚན་པ་དེ་ཐོག་མ་སྤྱི་ལོ་༢༠༡༡ལོར་གསར་འཛུགས་བྱས་པ་ནས་བཟུང་། བོད་པའི་སྤྱི་ཚོགས་ནང་གཏམ་བརྗོད་འདྲ་མིན་འཁྲབ་སྟོན་གནང་བ་དང་བོད་པའི་སློབ་གྲྭ་འདྲ་མིན་ནང་སྦྱོང་བརྡར་སྤྲད་པ། ཡང་བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་འབྱོར་གྱི་རོགས་རམ་དང་བོད་ཀྱི་ཟློས་གར་ཚོགས་པ་ནས་རྒྱབ་སྐྱོར་གནང་བ་བརྒྱུད་བཙན་བྱོལ་ནང་བོད་ཀྱི་གཏམ་བརྗོད་འཁྲབ་སྟོན་རང་གི་ཐོག་ཡར་རྒྱས་ཕྱིན་ཡོད་པ་ལྷག་པ་ཚེ་རིང་ལགས་ཀྱིས་གསུངས་བྱུང་།
བོད་ཀྱི་གཏམ་བརྗོད་ཚན་པས་རྒྱལ་སྤྱིའི་སྟེང་བོད་ཀྱི་འཐབ་རྩོད་གཙོས་བོད་ནང་གི་གནས་སྟངས་དང་། བོད་པའི་ཆོས་དང་རིག་གཞུང་ལ་སོགས་པའི་ཐོག་གོ་རྟོགས་སྤེལ་ཕྱིར་འཁྲབ་སྟོན་འདྲ་མིན་བྱས་དང་བྱེད་བཞིན་པ་དང་། བོད་ཀྱི་གཏམ་བརྗོད་ཚན་པའི་པ་ལགས་ཞེས་པའི་གཏམ་བརྗོད་འཁྲབ་སྟོན་དེ་༢༠༢༢ལོ་ནས་རྒྱ་གར་གཙོས་རྒྱལ་ཁབ་གཞན་མང་པོའི་ནང་འཁྲབ་སྟོན་གནང་སྐབས་ཚོགས་པ་དང་གཞུང་། སྒེར་བ་མང་པོས་བསྔགས་བརྗོད་ཐོབ་ཡོད་པ་རེད།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎