རྒྱ་གཞུང་གིས་་དགེ་འདུན་པ་༡༢འཛིན་བཟུང་།

བོད་ཁམས་རྫ་ཆུ་ཁ་དབོན་པོ་དགོན་པའི་དགེ་འདུན་པ་ ༡༢ རྒྱ་ནག་གཞུང་གིས་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ཚོར་གྱོན་པ་དང་ཟ་མ་སོགས་མཁོ་སྤྲོད་དང་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད་འདུག

2012.10.19

༄༅།    །དེ་ཡང་རྒྱ་གར་ལྷོ་ཕྱོགས་ནས་སྐུ་ཞབས་བྱམས་པ་ཡོན་ཏན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན་སླར་ཡང་རྫ་ཆུ་ཁ་དབོན་པོ་དགོན་པའི་དགེ་འདུན་པ་། ཀླུ་སྒྲུབ་དང་། རྒན་བློ་བཟང་སྒྲུབ་གསལ། བློ་བཟང་མཐར་ཕྱིན་བཅས་དགེ་འདུན་པ་གསུམ་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་རྗེས་ཉེན་རྟོག་པ་བཅུ་གསུམ་གྱིས་རྒན་བློ་བཟང་སྒྲུབ་གསལ་དང་།    བློ་བཟང་མཐར་ཕྱིན་གཉིས་ཀྱི་གྲྭ་ཤག་གང་བྱུང་བསྔོག་བཤེར་གྱིས་རྩོམ་ཡིག་མང་པོ་ཞིག་བཙན་འཕྲོག་བྱས་འདུག   ཚེས་ ༡༩ ཉིན་གྱི་ཞོགས་པ་དབོན་པོ་དགོན་པའི་དྲུང་ཡིག་བསོད་བཟང་། རྒན་བསོད་ཉི་ཐག་མཆོག་དང་།    དབང་རྒྱལ་བཅས་འཛིན་བཟུང་བྱས་ཡོད་པ་དང་། ཉིན་རྒྱབ་བོད་ནང་གི་ཆུ་ཚོད་༡།༡༧ཙམ་ལ་རྒྱ་གཞུང་གིས་དགོན་པའི་དགེ་འདུན་པ་རྣམས་ཕྱོགས་གཅིག་ཏུ་འདུས་ནས། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་དབོན་པོ་དགོན་དུ་བོད་ཀྱི་རྒྱལ་དར་སྒྲེང་མཁན་དང་།    བོད་རང་དབང་ཞེས་པའི་ཡི་གེ་གཏོར་མཁན་སུ་ཡིན་མིན་རྩད་གཅོད་བྱེད་ཆེད་ཡིག་གཟུགས་བརྟག་དཔྱད་བྱེད་ཀྱི་ཡིན་ཟེར་ནས། དགེ་འདུན་པ་རེ་རེ་བཞིན་བོད་ཡིག་བྲིས་བཅུགས་ཡོད་པ་རེད། གཞན་ཡང་ཚེས་ ༡༥ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་དེ་དག་ནི།    དགོན་པའི་སློབ་གྲྭའི་གྲྭ་པ་ལྔ་ཡིན་པ་རེད་འདུག ཁོང་ཚོའི་མཚན་གང་ཡིན་ད་དུང་ཁ་གསལ་བྱུང་མི་འདུག གོང་འཁོད་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁྱོན་ ༡༢ བྱུང་ཡོད་པ་དེ་དག་ད་ལྟ་རྫ་སྟོད་ཆུས་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག་ལ།  ཁོང་ཚོར་གྱོན་པ་དང་ཟ་མ་སོགས་མཁོ་སྤྲོད་དང་ཐུག་འཕྲད་བྱེད་འཇུག་གི་མེད་པར་བརྟེན། ཁོང་ཚོའི་ད་ལྟའི་གནས་སྟངས་གསལ་པོ་ཤེས་ཀྱི་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎