གནས་ཚུལ་ཕྱི་གྱར་བྱས་པའི་ནག་ཉེས་འོག་ཁྲིམས་བཅད།

རྒྱ་ནག་གཞུང་གི་དཔོན་རིགས་གཉིས་དཔལ་འབྱོར་གྱི་གནས་ཚུལ་ཕྱི་འགྱར་བྱས་པའི་ནག་ཉེས་འོག་ལོ་ངོ་༦གི་བཙོན་བཅུག་གི་ཉེས་བཅད།

2011.10.24

༄༅༎རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་གཞུང་གི་དཔོན་རིགས་གཉིས་དཔལ་འབྱོར་གྱི་གནས་ཚུལ་ཕྱི་འགྱར་བྱས་པའི་ནག་ཉེས་འོག་ལོ་ངོ་ ༦ གི་བཙོན་བཅུག་གི་ཉེས་བཅད་བཏང་ཡོད་པ་རེད། དཔལ་འབྱོར་གྱི་གནས་ཚུལ་ཁག་ནི་དཔལ་འབྱོར་ཐོག་ཤུགས་རྐྱེན་ཆེན་པོ་འཐེབ་པའི་གནས་ཚུལ་ཅིག་ཆགས་ཀྱི་ཡོད་སྟབས་གཞུང་ཕྱོགས་ནས་ཕྱི་བསྒྲགས་མ་གནང་གོང་དཔལ་འབྱོར་གྱི་གནས་ཚུལ་ཁག་ཅིག་ཚོང་ཐོག་མ་རྩ་འཛུགས་འཇོག་བྱེད་མཁན་དང་ཚོང་པ་ཁག་གིས་བེད་སྤྱོད་བྱེད་པའི་ཉེན་ཁ་ཡོད་པ་རེད། གོང་ཞུས་རྒྱ་ནག་གཞུང་གི་ཁྲིམས་ཁང་དེས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་སྔ་ལོ་ཕྱི་ཟླ་ལྔ་པ་ནས་བཟུང་གཞུང་ཕྱོགས་ཀྱི་དཔལ་འབྱོར་གྱི་གནས་ཚུལ་ཁག་འགའ་ཤས་ཕྱི་འགྱར་བྱུང་ཡོད་སྟབས་དབུས་གཞུང་ཕྱོགས་ཀྱི་དཔོན་རིགས་རྣམས་ཀྱིས་དེར་དོ་སྣང་ཤུགས་ཆེ་གནང་དགོས་པའི་གནས་སྟངས་ཤིག་བཟོས་ཡོད་སྐོར་གོང་ཞུས་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད། དེ་ལྟ་བུའི་གནས་ཚུལ་མི་འབྱུང་ཆེད་ཁྲིམས་ཁང་ནས་གཞུང་གི་བསྡོམས་རྩིས་ལས་ཁང་ནང་དྲུང་ཆེ་བགྲེས་པའི་ལས་འཁུར་ཞུ་མཁན་སཱན་ཛེན་ལ་ལོ་ངོ་ལྔའི་བཙོན་བཅུག་གི་ཉེས་ཆད་བཏང་ཡོད་པ་རེད། དེ་བཞིན་རྒྱ་གཞུང་གི་དངུལ་ཁང་ཆེན་མོའི་ནང་ཉམས་ཞིབ་པའི་ལས་ཀ་བྱེད་མཁན་ལྦུ་ཁྲའོ་མིང་ཡིས་དངུལ་ཁང་གི་གནས་ཚུལ་ཁག་ཅིག་མ་རྩ་འཛུགས་འཇོག་བྱེད་མཁན་གྱི་ཚོིང་པ་ཁག་ལ་ཕྱིར་སྤྲོད་བྱས་པའི་ནག་ཉེས་འོག་ལོ་ངོ་ ༦ གི་བཙོན་བཅུག་གི་ཉེས་ཆད་ཕོག་ཡོད་པ་རེད། རྒྱ་ནག་དབུས་གཞུང་བསྡོམས་རྩིས་ལས་ཁུངས་ཀྱིས་གོང་ཞུས་ཀྱི་གནས་ཚུལ་ལྟར་མི་འབྱུང་ཆེད་ལས་ཁུངས་ཀྱི་བསྡོམས་རྩིས་ཀྱི་གནས་ཚུལ་ཁག་སྔོན་འཚུད་ནས་ཕྱི་བསྒྲགས་གནང་འགོ་འཚུགས་ཡོད་པ་རེད། དེ་བཞིན་གཞུང་ཕྱོགས་ནས་ཡུལ་གྱི་དཔལ་འབྱོར་གྱི་གནས་སྟངས་བསྡོམས་རྩིས་ཁག་བསྡུ་རུབ་གནང་རྗེས་གང་མགྱོགས་ཕྱི་བསྒྲགས་གནང་རྒྱུའི་ལས་དོན་ཡང་སྤེལ་འགོ་འཚུགས་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎