བོད་ནང་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་མདོ་དབུས་མཐོ་སྒང་སྟེང་དམག་སྦྱོང་བྱས་ཡོད་པ།

2021.08.27
བོད་ནང་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་མདོ་དབུས་མཐོ་སྒང་སྟེང་དམག་སྦྱོང་བྱས་ཡོད་པ། བོད་ནང་རྒྱ་ནག་མི་མང་བཅིངས་གྲོལ་དམག་གིས་དམག་སྦྱོང་བྱས་ཡོད་པ།
རྒྱ་ནག་གཞུང་འབྲེལ་གསར་ཁང་།

བོད་ནང་དུ་རྒྱ་ནག་མི་མང་བཅིངས་གྲོལ་དམག་མིས་མདོ་དབུས་མཐོ་སྒང་སྟེང་རེས་གཟའ་ལྷག་པའི་ཉིན་དམག་སྦྱོང་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། འདི་ནི་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་གར་དང་མཐའ་མཚམས་འཁེལ་བའི་ས་ཁུལ་སྲུང་སྐྱོབ་ཐད་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། མཐའ་མཚམས་ཀྱི་དགྲ་བོའི་སར་ནས་ས་ཆ་ཚུར་ལེན་རྒྱུའི་གྲ་སྒྲིག་ཡོད་པའི་བརྡ་ལན་མཚོན་གྱི་ཡོད་པ་འགྲེལ་བརྗོད་བྱས་འདུག
དེ་ཡང་ CCTV རྒྱ་ནག་དབུས་བརྙན་འཕྲིན་ཚན་པས་གནས་ཚུལ་འདོན་སྤེལ་ལྟར་ན། ཉིན་གྲངས་གཉིས་དང་མཚན་མོ་གཅིག་གི་དམག་སྦྱོང་གི་ལས་རིམ་དེའི་ཁྲོད་ས་ཁུངས་ནང་འཛུལ་བ་དང་། གློག་ནུས་ཀྱི་འཐབ་རྒོལ་བྱེད་ཕྱོགས། གསང་བའི་མྱུལ་ཞིབ་བྱེད་སྟངས་སོགས་སྦྱོང་བརྡར་བྱས་ཏེ་མཐའ་མཚམས་ཁུལ་དུ་འགོག་སྲུང་འཐབ་རྒོལ་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྣམ་པ་མངོན་རྒྱུ་ཡོད་པ་ཞིག་ལ་དམག་དོན་མཁས་པ་ཚོས་ངོས་འཛིན་བྱས་ཡོད་ཅིང་། འཐབ་རྒོལ་གྱི་སྡེ་ཚན་འདིའི་ནང་དུ་བོད་དམག་ཁུལ་ཁང་གི་དམག་སྦྱོང་ཚད་མཐོ་ཡོད་པའི་དམག་མི་མང་པོ་ཡོད་པ་གསལ་བོར་བསྟན་པ་དང་། བརྙན་འཕྲིན་ཕྱི་བསྒྲགས་བྱས་པའི་ནང་དུ་དྲིལ་བསྒྲགས་ཀྱི་གསལ་བཤད་མེད་པའི་ཐོག་དམག་འཐབ་གཙོ་བཟུང་གི་རྣམ་པ་བསྟན་པ་ནི། རྒྱ་གར་ལ་བརྡ་ལན་ཤུགས་དྲག་ཅིག་ཡིན་པ་མེ་ཁའོ་ནང་གནས་བཞུགས་དམག་དོན་ཉམས་ཞིབ་པ་ Antony Wong གྱིས་ལྷོ་རྒྱ་ནག་སྔ་དྲོའི་གསར་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
དམག་སྦྱོང་འདིའི་ནང་དུ་བཅིངས་གྲོལ་དམག་གི་མེ་འགྱོགས་རུ་ཁག་དང་། ས་དམག་རུ་ཁག མཁའ་དམག་རུ་ཁག་སོགས་ཀྱིས་དམག་སྦྱོང་བྱེད་ཡོད་པ་རེད།
དམག་སྦྱོང་འདི་ནི་རྒྱ་གར་དམག་མི་དང་རྒྱ་ནག་དམག་མིའི་དབར་འཕགས་བོད་ས་མཚམས་ལ་དྭགས་ཀྱི་གྷལ་ཝན་ཡུལ་གཤོངས་སུ་གདོང་ཐུག་བྱུང་ནས་རྒྱ་གར་ཕྱོགས་ནས་དམག་དོན་གྱི་ཐབས་བྱུས་གྲ་སྒྲིག་གང་ལེགས་ཡོད་པ་མངོན་གསལ་བྱུང་ནས་ལོ་གཅིག་ལྷག་ཙམ་གྱི་དུས་ཡུན་རྗེས་སུ་རྒྱ་ནག་ཕྱོགས་ནས་བོད་ནང་དུ་དམག་སྦྱོང་བྱེད་པ་དང་། བོད་ནང་དུ་ས་མཐོའི་རི་རྩེར་དམག་འཐབ་བྱེད་པའི་ནུས་པ་ཡོད་མཁན་གྱི་བོད་མི་གཞོན་སྐྱེས་དམག་མིའི་ཁོངས་སུ་བསྡུ་རུབ་བྱེད་ཀྱི་ཡོད་པའི་གནས་ཚུལ་སྔ་རྗེས་ཐོན་ཡོད་པ་རེད།།
གསར་འགོད་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎