རྒྱ་ནག་གཞུང་གི་འཛུགས་སྐྲུན་ལས་གཞིས་ཁོར་ཡུག་འབགས་བཙོག་བཟོ་བཞིན་འདུག


2017.12.12
བོད་ནང་འཛུགས་བསྐྲུན་བྱེད་བཞིན་པ། ༢༠༡༤ བོད་ནང་འཛུགས་བསྐྲུན་བྱེད་བཞིན་པ། ༢༠༡༤
དྲ་བཤུས།/Weibo

རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་སྤེལ་བའི་རྐྱེན་གྱིས་གཙང་ཆུ་ཁག་འབགས་བཙོག་ཆགས་ཀྱི་ཡོད་པ་རྒྱ་གར་གིས་བརྗོད་ཀྱི་ཡོད་འདུག
དེ་ཡང་རྒྱ་གར་གྱི་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Sarbananda Sonowal)(སར་སྦ་ནཱན་རྡ་ སོ་ནོ་ཝཱལ)་ཡིས་རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་ཕྱོགས་སུ་རྒྱུགས་བཞིན་པའི་གཙང་ཆུ་ཁག་གི་ཐོག་འཛུགས་སྐྲུན་ལས་གཞི་སྣེ་མང་སྤེལ་བའི་རྐྱེན་གྱིས་གཙང་ཆུར་འབགས་བཙོག་གིས་གཙང་ཆུ་དེ་དག་ལ་འཚོ་རྟེན་བྱེད་མཁན་གྱི་ཡུལ་གྲུ་གཞན་གྱི་མི་མང་ཚོའི་འཚོ་གནས་ལ་དཀའ་ངལ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་གནང་ཡོད་ཅིང་། སྤྱི་ཁྱབ་བློན་ཆེན་Sonowal་གྱིས་བོད་ཀྱི་ཡར་རླུང་གཙང་པོའི་ནང་འབུ་ཕྲ་སྲིན་དང་ལྕགས་དུག་གི་འབགས་བཙོག་ཆགས་ཡོད་པ་ཚན་རིག་པའི་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་ཡོད་པ་གསུངས་ཤིང་། ནད་འབུ་དང་ལྕགས་དུག་གི་འབགས་བཙོག་ཡོད་པའི་གཙང་ཆུ་དེ་རིགས་ཀྱིས་མིའི་བདེ་ཐང་ལ་གནོད་འཚབ་བཟོ་རྒྱུ་ཡིན་སྟབས་གཙང་ཆུ་དེར་འཚོ་བརྟེན་བྱེད་མཁན་གྱི་རྒྱ་གར་མི་མང་ཚོའི་བདེ་ཐང་ཆེད། རྒྱ་གར་གཞུང་གིས་གནད་དོན་དེ་སེལ་ཐབས་སུ་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་པའི་སྐོར་རྒྱ་གར་ནང་སྲིད་བློན་ཆེན་ལ་ཆེད་བསྔགས་ཡི་གེ་ཕུལ་ཡོད་པའི་ནང་འབོད་སྐུལ་གནང་ཡོད་འདུག
གཟའ་འཁོར་སྔོན་མ་རྒྱ་ནག་གི་དབང་འཛིན་བྱེད་བཞིན་པའི་བོད་དང་ས་འབྲེལ་ཡིན་པའི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཀྱང་རྒྱ་གར་གྱི་ནང་སྲིད་བློན་ཆེན་ལ་ཕྱག་ཡིག་ཤིག་ཕུལ་ཡོད་པའི་ནང་། འདས་པའི་ཟླ་བ་གཉིས་ཙམ་རིང་བོད་ནས་རྒྱ་གར་ཕྱོགས་སུ་རྒྱུགས་བཞིན་པའི་གཙང་ཆུ་རྒྱུན་ལྡན་དང་མི་འདྲ་བའི་ཉོག་པོ་ཡིན་པ་གསལ་སྟོན་གནང་ཏེ་རྒྱ་ནག་དབུས་གཞུང་གིས་དེའི་ཐོག་ཞིབ་འཇུག་གནང་རྒྱུའི་དགོས་འདུན་བཏོན་གནང་ཡོད་པ་རེད། ས་གནས་མི་མང་ཚོས་གཙང་ཆུ་རྒྱུན་ལྡན་དང་མི་འདྲ་བའི་ཉོག་པོ་ཆགས་ཡས་དེ་ནི་ཆུ་གོའི་སྟེང་འཛུགས་སྐྲུན་གྱི་ལས་གཞི་མང་པོ་སྤེལ་ནས་གཙང་ཆུར་འབགས་བཙོག་བྱུང་བ་ཡིན་པར་དོགས་གཞི་བྱེད་བཞིན་ཡོད་པ་རེད།
ཨ་སམ་མངའ་སྡེའི་བློན་ཆེན་གིས་རྒྱ་གར་ནང་སྲིད་བློན་ཆེན་གྱི་མཚན་ཐོག་དུ་ཕུལ་བའི་འབོད་སྐུལ་ཡི་གེ་དེའི་ནང་། ཡར་རླུང་གཙང་པོར་འབགས་བཙོག་ཤུགས་ཆེ་བྱུང་བཞིན་པ་དེས་ཧི་མ་ལ་ཡའི་ཁྱོན་ཡོངས་ཀྱི་ཆུ་བོའི་སྤུས་ཚད་ལ་འགྱུར་ལྡོག་འགྲོ་སྲིད་པའི་སེམས་འཚབ་ཡོད་པ་གསལ་སྟོན་གནང་ཡོད་འདུག ཡིན་ནའི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་རྒྱ་གར་གྱི་ཨ་སམ་དང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་བརྗོད་པའི་འཛུགས་སྐྲུན་ལས་གཞི་ཟེར་བ་དེ་རིགས་གོ་མྱོང་མེད་ལུགས་བཤད་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎